རྩོམ་ཡིག

རྩོམ་ཡིག སྙན་ངག -0 Minutes

སྐུའི་གྱ་སྟོན་ལ་ཕུལ་བའི་ཞུ་ཚིག

ཁ་སྒང་གཡང་འབུམ་ཚེ་རིང་། ལོ་དེར། ཕྱི་དགྲ་ཡི་རྐང་རྡིག་འཇིགས་རྔམ་གྱིས་མཆེད་ཅིང་། ནང་འཁྲུག་གི་ཁ་རླངས་ངན་སེམས་ཀྱིས་འཕྱུར་བའི་ལོ་དེར། ཁྱེད་ཀྱིས། སྔོན་གྱི་སྨོན་ལམ་བཟང་པོ་དེ་ཐུགས་ལ་བཅངས་ནས། འཁོར་གནས་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་སུ་ཕེབས་ཤིང་། སྔར་གྱི་བྱ་བཞག་རླབས་ཆེན་དེ་གཙོ་བར་བཟུང་ནས། ཐུ་བྷོད་མི་རིགས་འདི་ཡི་ཆོས་སྲིད་ཀྱི་དབུ་འཁྲིད་དུ་བྱོན། ཁྱེད་འཁྲུངས་པ་ནས་བཟུང་། བོད་མི་རིགས་ལ་སྐྱབས་འཇུག་ཞུ་ས་ཞིག་ཡོད་སོང་ལ། རེ་བ་བཅོལ་ས་ཞིག་ཀྱང་ལྡན་ཡོད། གང་ལྟར་མི་རིགས་འདི་ཆེས་དཀའ་ཁག་ལ་ཐུག་པའི་སྐབས་སུ། ཁྱེད་ཀྱིས་བྱིས་པའི་བག་གཡེང་གི་རྩེད་ར་དེ་རྒྱབ་ཏུ་དོར་ཏེ། མི་འཇིགས་སེང་གེའི་ཁྲི་ལ་གཟི་བརྗིད་ཀྱིས་འགྱིངས་ནས། མི་རིགས་འདིའི་བདེ་སྡུག་གི་འགན་དབང་ལྕི་མོ་ཕྲག་ཏུ་བཞེས། འདི་ནི་ཁྱེད་ཀྱི་ཐུགས་སྨོན་དང་དམ་བཅའ་འབའ་ཞིག་ལགས། ལོ་དེར། བཙན་འཛུལ་དང་དབང་སྒྱུར། ངན་བྱུས་དང་གདུག་རྩུབ། དམར་གསོད་དང་འཛིན་བཟུང་སོགས་ཀྱིས་འཇིག་རྟེན་བསྒུལ་བའི་ལོ་དེར། ཁྱེད་ཀྱིས། དྲག་པོའི་རྒོལ་ངན་ཞི་བས་གཅོད་བཞིན། དགྲ་བོའི་ཨམ་གཙིགས་འཛུམ་གྱིས་བསུ་བཞིན། རྩ་བ་བརྟན་ཞིང་ཕུགས་རྒྱང་རིང་བའི་དགོངས་དོན་ཏེ། ཞི་འགྲིག་དང་མཉམ་གནས་ཀྱི་ཐབས་ལམ་དེར་ཧུར་ཐག་གིས་འབད་ལ། ནང་སྲིད་ཀྱི་འཛིན་སྐྱོང་ཐད་དེ་བས་ཀྱང་དོ་ནན་མཛད། དེ་ལྟ་ནའང་། རྒྱ་ནག་པོས། ཧམ་སེམས་ཀྱི་འདྲེ་ལག་རིང་དུ་བསྲིངས་ཤིང་། གཡོ་བྱུས་ཀྱི་གདོང་འབག་ཐོད་ལ་བཅིངས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་གཏོང་དུས། ཁྱེད་ཀྱིས་མི་རིགས་འདིའི་བདེ་སྡུག་འབའ་ཞིག་ཐུགས་ཀར་བཅངས་ཡོད་ལ། མི་རིགས་འདིས་ཀྱང་ཁྱེད་ཉིད་ཁོ་ནའི་སྐུ་སྲོག་ལ་སྲུང་སྐྱོབ་བྱོས།...
དེ་ལས་མང་པ།
རྩོམ་ཡིག ལོ་རྒྱུས། -1 Minute

པ་ཀི་སི་ཐན་ཀྱི་བོད་རིགས་སྦལ་ཏི་བ།

—-བསེ་ཚང་རིག་པ་འཛིན་པའི་རྡོ་རྗེ། ཧི་མ་ལའི་ལྷོ་ཕྱོགས་ཀྱི་བོད་མི་ལས་ཁག་དང་པོ། ༼པ་ཀི་སི་ཐན་ཀྱི་བོད་རིགས་སྦལ་ཏི་བ།༽    ལར་ན་བོད་ནི་ད་ལྟའི་ང་ཚོས་ཤེས་ཚོད་ཀྱི་བོད་ཙམ་དུ་མ་ཟད་ཧི་མ་ལའི་ལྷོ་རྒྱུད་ ཀྱི་རྒྱལ་ཁབ་ཁག་ཀྱང་སྔ་མོ་བོད་ཀྱི་མངའ་རིས་ཡིན་ལ་མངའ་རིས་སྐོར་གསུམ་ཞེས་པའི་ས་ཁུལ་འགའ་ཡང་རྒྱལ་ཁབ་དེ་དག་གི་ས་ཁུལ་འགའ་ལ་གོ་བ་ཡིན་མོད། ད་བར་ཏུ་རང་རེའི་བོད་མི་མང་པོས་ཆོལ་གསུམ་བོད་མི་ཞེས་བརྗོད་ཤེས་ཀྱང་དོན་ལ་ས་ གང་དང་གང་ཡིན་པ་ངོས་བཟུང་ཤེས་པ་ཕལ་ཆེར་མང་པོ་མི་འདུག མདོར་ན་ད་ལྟའི་ཀྲུང་གོའི་མངའ་ཁོངས་སུ་བོད་ཡུལ་ཆོལ་ཁ་གསུམ་གཏན་ནས་ཚང་མེད་ལ་པ་ཀི་སི་ཐན་ནམ་ཕ་ཁི་སི་ཐན་༼巴基斯坦/pakistan༽ལྟ་བུའི་རྒྱལ་ཁབ་ནང་གི་བོད་རིགས་སྦལ་ཏི་བ་དང་རྒྱ་གར་མངའ་ཁོངས་ཀྱི་བོད་རིགས་སྦལ་ཏི་བ་སོགས་མ་བརྩིས་ན་བོད་ ཀྱི་སྟོད་མངའ་རིས་སྐོར་གསུམ་ནམ་ཡང་ཆ་ཚང་ཞིག་ཡོང་མི་སྲིད་དོ།།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

སོམ་ཉི། འོད་དཀར།

འོད་དཀར། མུན་ནག་གིས་མཐའ་ནས་བཏུམས་པའི་ཉི་མ་དམར་པོ། ངའི་རྒྱང་བཞུད་ཀྱི་སོ་ལྟ་ཡིན་ནམ། ཆར་རླུང་དང་གྲང་ངར་གྱི་ནམ་ཟླ་འདི། སུ་ཞིག་གི་ཆེད་དུ་ཡིན། སྡོང་རྒན་སྟེང་གི་ཁ་བ་དཀར་པོ། བྱེའུ་ཚོགས་ཀྱི་གཤོག་འགྱུར་ལས་ལྷུང་བའི་སྐྱོ་དབྱངས་རེ་རེ། སུ་ཞིག་གི་མགོ་ཐོག་ལ་བབས་པའི་ཁ་བ་ཡིན། དོན་ངོ་མར། ཁ་བ་དེ་གང་ཞིག་ནས་བྱུང་། བྲང་ལ་གླན་པའི་ཡིག་འབྲུ་རེ་རེ། དགུན་ཁའི་ཁ་བ་ལྟར་ཤོག་ཐོག་ལ་འབབ་དུས། སུ་ཞིག་གི་མགོ་བོ་གཅོད་པའི་རལ་གྲི་ཆག་ན། ཉེས་པ་འདི་སུ་ལ་འགེལ་དགོས། ༢༠༡༥།༠༣།༢༦ ཉིན་བྲིས། ངེད་དྲ་ཚིགས།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

གློ་བུར། རྒན་སྙིང་མིག་ལགས་སུ་ཕུལ།

གཟུངས་ཕྱུག་སྐྱིད། ——-རྒན་སྙིང་མིག་ལགས་འཇིག་རྟེན་དང་བྲལ་བ་ཐོས་རྗེས་སུ། བག་ཆགས་ཆེས་མཐུག་ས་ཞིག་ནས། པོ་ཏ་ལའི་ཆགས་འཇིག་གི་གཏམ་རྒྱུད་སུ་ལ་འཆད་མྱོང་། འབྲེལ་བ་ཆེས་ཟབ་ས་ཞིག་ནས། གངས་ཆུའི་དྭངས་གཙང་གི་རོལ་མོ་སུ་ལ་བཀྲོལ་མྱོང་། ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ལ། “ཁ་སང་གི་ཉི་མ”སྙིམ་པས་སྐྱོར་བཞིན། ང་ཚོར་ལེགས་སྐྱེས་སུ་ཕུལ་མཁན་ཁྱེད་མིན་ནམ། “གངས་རི་རྩེ་མོའི་ཡུལ་དུ། མཛའ་གཉེན་དོན་འགྲུབ་ལུས་སོང་།” ངག་རྟ་འདི་ཁོ་ནས་ངའི་བྱིས་དུས་ཀྱི་བར་སྣང་ཆེ་རུ་ཕྱེས་མྱོང་། ཡར་ཀླུང་གཙང་བོའི་ངག་སྒྲུང་གི་ས་བོན་ལས། དེ་རིང་གི་ངའི་བསམ་གཞིགས་ཀྱི་ས་གཞི་ལ་ལྗང་མདོག་བསྣན། དེ་ལྟ་ནའང་། སྙིང་མིག་ལགས་ཁྱེད་གང་དུ་ཕེབས་སོང་། མཇུག་མཐའི་ལོག་མལ་རྙེད་མ་ཐུབ་པའི་ང་རང་། གློ་བུར་བཞུད་སོང་བའི་ཁྱེད་ཀྱི་ཤུལ་ལམ་ལ་ཅེར་ཡོད། སྣང་བ་ཞིག་ལ་དབུ་སྐྲ་སིལ་ལིར་འཁྱིལ་བའི་མི་ཕོ་ཞིག སྐབས་དེའི་འཛིན་ཁང་གི་གྲུ་ཟུར་ནས་འགྲེང་ཚུལ་མཐོང་ཞིང་། རིགས་ཞེན་གྱི་རུས་རྐང་སྣུམ་པའི་རྣམ་ཤེས་ཞིག བདག་གི་འཇིག་རྟེན་ནས་ཡལ་སོང་བ་ཚོར། དེ་རིང་ཡང་ཡང་དྲན་བྱུང་། ཀྱག་ཀྱོག་ཆེ་བའི་མཚན་མོ་དེའི་འགྲུལ་བཞུད་ལས། ཁྱེད་ཀྱིས་མཇུག་མཐའི་མཉམ་འཛོམས་ལྟ་བུའི། འཛུམ་མདངས་ཤིག་ང་ཚོར་བཞག་ནས་ཕེབས་སོང་། ཆེས་དྭངས་གཙང་གི་བྱིས་བློའི་སྤང་ཐང་དེ་ནས། ང་ཚོས་ཀྱང་རྒྱུག་འབྲས་ཀྱི་ཨང་ཐོབ་ཙམ་ཁྱེར་ནས་ཁྱེད་ལ་དེ་ལྟར་སྐྱེལ་མ་བྱས། གོ་ཐོས་སུ་ཁྱེད་ཀྱིས་ཧི་མ་ལ་ཡའི་འགག་འཕྲེང་བརྒལ་མྱོང་ཟེར། ཡུལ་གྱར་བའི་ཁྱེད་ཀྱི་གཏམ་རྒྱུད་དེའི་སྔ་ཕྱི་བར་གསུམ། ཕལ་ཆེར་དེ་རིང་གི་བདག་གི་སེམས་ཁམས་དང་ཡོངས་སུ་མཚུངས་ཨང་། དེ་ནས་བཟུང་། བདག་གིས་འདི་ལྟར་ཁྱེད་རང་སེམས་ཁོང་དུ་ཡང་ཡང་བྲིས་ཤིང་། ངག་སྒྲོས་ལས་ཡང་ཡང་གླེང་དགོས་བྱུང་།...
དེ་ལས་མང་པ།
འབོལ་རྩོམ། རྩོམ་ཡིག -0 Minutes

ཁ་བའི་བུ་མོ་རྣམས་ལ་ཕུལ་བའི་བསམ་གཞིགས།

ལྡོང་ཆུ་ཤེལ།   མགོ་ལོག     དུས་གསར་བ་འདིར་ཁ་བའི་བུ་མོའི་ལས་དབང་གླེང་དགོས་པར་མ་ཟད་དོན་ལ་ཁེལ་ཐུབ་པའི་བྱ་འགུལ་སྤེལ་རྒྱུ་ང་ཚོ་ཁ་བ་གངས་ཅན་པའི་མི་བུ་རེ་རེའི་ཕྲག་ཏུ་ཡོད་པའི་འགན་འཁྲི་དང་མདུན་དུ་ཡོད་པའི་ལས་སྐལ་ཡང་ཡིན་འདུག དེས་ན་གངས་ལྗོངས་ཀྱི་སྐྱེད་མ་རྣམས་ཀྱི་ཐོབ་ཐང་རྩོད་ལེན་སྐོར་མདོར་བསྡུས་ཙམ་ཞིག་ཞུ་བར་བྱ། འདས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱི་བོད་ཀྱི་སྐྱེད་མ་རྣམས་ཀྱི་ལས་དབང་ཧ་ཅང་ཡིད་སྐྱོ་བའི་གནས་སུ་གྱུར་འདུག རྒྱུ་མཚན་ནི་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་དྲག་པའི་དབང་གིས་བསམ་བློ་རང་དབང་མིན་པ་དང་སྨྲ་བརྗོད་རང་དབང་མ་ཡིན་པ་དང་མི་མཐུན་པ་བྱུང་ཚེ་རྡུང་རྡེག་དྲག་པོ་བྱེད་པ་དང་བུད་མེད་ཀྱི་སྣ་བཅད་པ་དང་མི་ཁ་ཅན་དུ་བྱེད་པ་དང་ཚེ་སྲོག་ལ་ཡང་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་གསལ་འདུག དེའི་དབང་གིས་ཁོ་རང་ཚོར་སེམས་ནང་ལ་སྙིང་སྟོབས་དང་ཆོད་སེམས་ལ་གནོན་ཤུགས་ཐེབས་ནས་ལས་དབང་ལ་བཀོད་སྒྲིག་མག་མོག་ཏུ་གྱུར་ནས་གདན་ཁ་མ་རྙེད་པའི་ངང་དུ་ལུས། ད་ལྟ་འཛམ་གླིང་དམངས་གཙོ་དང་རང་དབང་དང་འདྲ་མཉམ་ཅན་དུ་གྱུར་དུས་ཕོ་མཆོག་མོ་དམན་གྱི་བག་ཆགས་དུང་དཀྲུག་བྱས་ཏེ་བོད་ཀྱི་སྐྱེད་མ་ཚོའི་ལས་དབང་གི་རྡོག་མཁྲེས་ཁུར་ཏེ་རང་ཉིད་ནས་མགོ་བརྩམས་ཏེ། ཆོད་སེམས་ཀྱི་རྐང་པ་གཉིས་སར་བཙུགས་ནས་ཡར་ལངས་ཏེ། དཔྱོད་ཤེས་ཀྱི་མིག་གཉིས་ཕྱེས་ཏེ་འཛམ་གླིང་གི་ཁ་ཕྱོགས་ལམ་ཕྱོགས་ལ་རྒྱང་ལྟ་བྱས་ནས་སྙིགས་དོར་བཅུད་ལེན་བྱེད་དགོས་འདུག གངས་ལྗོངས་སྐྱེས་མ་ཚོ་སློབ་གསོའི་གོ་རྟོགས་སད་པ་ཡིན་དུས་ཁ་བའི་ལས་དབང་ཡང་ལེགས་སུ་འགྲོ་བ་ཐག་གིས་ཆོད་འདུག གངས་ཅན་མ་ཡུམ་རྣམས་ཀྱི་སེམས་དཀར་གཞུང་དྲང་གིས་སྣེ་ཡག་པོ་ཁྲིད་དུས། གངས་ཕྲུག་རྣམས་ལ་ཨ་མ་ཡག་པོ་ཡོད་དུས་ཨ་མའི་རང་གཤིས་དེ་ང་ཚོར་ཡང་ཤན་ཤུགས་བཟང་པོ་ཐེབ་ངེས་ཡིན། དེས་ན་བོད་ཀྱི་སྐྱེད་མ་རྣམས་ལ་གཙིགས་ཆེན་དང་ཡ་རབས་སྤྱོད་བཟང་གི་མཐུན་རྐྱེན་ལེགས་སྦྱར་གནང་བ་ཧ་ཅང་གལ། བོད་ཀྱི་སྐྱེས་མ་རྣམས་ཀྱི་རྒྱུན་ཤེས་ཁྲོད་ན་བསམ་གཞིག་ལེགས་པོ་གནང་དགོས་འདུག མི་རིགས་གཞན་པ་དག་གི་ཤེས་ཡོན་དང་འབྱོན་ཐང་དང་ལྷག་བསམ་དང་སྙིང་སྟོབས་སོགས་མིག་ལྟོས་བཟང་པོ་དག་ལ་འགྲན་དགོས་པ་ཡིན་པར་མ་གཏོགས། མི་རིགས་གཞན་དག་གི་ངོ་ཚ་ཁྲེལ་མེད་ཀྱི་ལས་ལ་འཛེམས་དོགས་གནང་རྒྱུ་བཀའ་དྲིན་ཆེ། ལྷག་པར་དུ་བོད་ཀྱི་སྐྱེད་མ་ཚོའི་རང་གཤིས་བཟང་པོ་དག་འགྱུར་བ་འགྲོ་དང་འགྲོ་བཞིན་འདུག ད་ལྟ་ནི་ངོ་ཚ་མེད་པའི་དུས་རབས་ཤིག་ཏུ་གྱུར་འདུག་པ་མངོན་གསལ་ཡིན་འདུག བོད་ཀྱི་བུད་མེད་རྣམས་ཀྱིས་ཕྱིའི་མཛེས་སྡུག་ཁོ་ན་ལ་དོ་སྣང་བྱེད་པ་མ་ཡིན་པར་ནང་བསམ་པའི་དཔལ་ཡོན་ནམ་སེམས་ཀྱི་མཛེས་སྡུག་ལ་དོ་སྣང་བྱེད་པ་ཁ་ཚ་དགོས་གཏུག་གི་བྱ་བ་ཡིན་འདུག བོད་ཀྱི་སྐྱེད་མ་ཚོར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་སྐྲུན་པ་དང་། ཁོ་རང་ཚོའི་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ནས་རང་ཉིད་རང་གི་མགོན་དུ་གྱུར་བ་བྱེད་དགོས། རྒྱལ་ཁབ་མང་པོའི་སྲིད་འཛིན་དང་མགོ་ཁྲིད་བུད་མེད་དག་གིས་བཟུང་ཡོད་པ་ལྟར་བོད་ཀྱི་སྐྱེད་མ་རྣམས་ཀྱིས་ཨུ་ཚུགས་དང་ཁེངས་སེམས་ཙམ་མ་ཡིན་པར་ཤེས་དཔལ་གྱི་ལམ་ནས་འཚང་ཁ་ཤིག་ཤིག་གིས་མདུན་སྐྱོད་ཀྱི་ལམ་བུ་བསྙེགས་དགོས་འདུག འགྲན་མི་དགོས་པ་བྱིས་པ་གསོད་པ་དང་། སྨད་ཚོང་བྱེད་པ་དང་། ཆང་དུད་དང་། ཤ་རིགས་འདྲ་མིན་སྣ་ཚོགས་ལ་རོལ་བ་སོགས་སྐྱུག་བྲོ་བའི་ལས་ལ་འཇུག་པ་དང་གཞན་ཡང་སློབ་སྦྱོང་སོགས་ཡ་རབས་སྤྱོད་བཟང་ལ་དོ་སྣང་མི་བྱེད་པ་དང་། མི་རིགས་གཞན་དང་གཉེན་སྒྲིག་བྱེད་པ་སོགས་ནི་སྐྱེད་མ་རྣམས་ཀྱི་མི་རིགས་གཏོར་བརླག་དང་ཡར་རྒྱས་ཀྱི་བཀག་རྡོ་ལྟ་བུ་ཡིན་པས་ཐུགས་ལ་འཛིན་རོགས་ཞུ། མཇུག་མཐར་ཁ་བ་གངས་ཅན་གྱི་སྐྱེད་མ་རྣམས་ཀྱི་སྦྱངས་བརྩོན་གྱི་འབྲས་བཟང་གཡུར་དུ་ཟ་ཞིང་བསམ་དོན་རི་མོ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། མགོ་ལོག་ཨ་སྐྱོང་དགོན་དུ་༢༠༡༤/༩/༨/ཉིན་ལྡོང་ཆུ་ཤེལ་ནས། ཡོངས་ཁུངས་དྲ་བ་བཞན།...
དེ་ལས་མང་པ།
རྒྱུན་ཤེས། རྩོམ་ཡིག -0 Minutes

ཕོ་རྩལ་སྣ་དགུ་དང་ཕོ་རྩེད་སྣ་དགུ།

ཕོ་རྩལ་སྣ་དགུ། སྐྱེས་པ་ལ་འོས་པའི་ལུས་ངག་ཡིད་གསུམ་གྱི་རྩལ་སྣ་དགུ་ནི། མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་འདྲ་བ་སྟེ་ལུས་ཀྱི་རྩལ་གསུམ་དང་། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་ནོན་པ་སྟེ་ངག་གི་རྩལ་གསུམ་དང་། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་རྣམས་སོ། མཐེབ་ཀྱིས་ཤ་ནོན་པ་ཟེར་བ་ནི། ལུས་ཀྱི་ཤེད་རྩལ་ལ་བརྟེན་ནས་སྟོབས་ཆེན་ས་ལ་བསྒྱེལ་ནུས་པའམ་མདའ་ཡི་མཐེབ་རྩལ་སྐྱེན་པོ་ཡོད་པ་དང་།
རྐྱལ་ གྱིས་ཆུ་ཆེན་ཆོད་པ་ནི། ཕོ་རྩལ་སྣ་དགུའི་གྲས་ཆུ་རྐྱལ་གྱི་རྩལ་ཏེ། ཆུ་རྐྱལ་གྱི་སྒྱུ་རྩལ་རིགས་མི་འདྲ་བ་སྣ་ཚོགས་ལ་བརྟེན་ནས་དྲག་ཏུ་རྒྱུགས་པའི་ ཆུ་ཆེན་བདེ་བླག་ཏུ་གཅོད་ནུས་པ། ཐག་རིང་ལེ་དབར་མང་པོར་གོམ་འགྲོས་ལ་བརྟེན་ནས་རྒྱུགས་པ་དང་། རྩིག་པ་དང་ལྕགས་རི་སོགས་མཐོན་པོར་མཆོངས་པ། གཅོང་རོང་གཡང་གཟར་ཆེ་བར་ཐག་ཤུར་ལ་བརྟེན་ནས་བགྲོད་པ། རྟ་རྒྱུགས་ཞོར་དུ་མདའ་གྲི་མདུང་སོགས་འཕེན་པ་དང་གྲུ་གུ་རྩེ་བ་སོགས་ལུས་རྩལ་ རིགས་སྣ་ཚོགས་བྱང་ཆུབ་པ།
ལོ་རྒྱུས་ཀྱིས་དགེ་ཐོན་པ་ཟེར་བ་ནི། སྔོན་རབས་ཀྱི་ལོ་རྒྱུས་ངོ་མཚར་བ་རྣམས་བཤད་པ་ལ་བརྟེན་ནས་ཉན་པ་པོ་རྣམས་སྤྲོ་ བ་སྐྱེ་བ་དང་སྐུལ་མ་ཐེབས་ཏེ་བློ་སྒོ་ཆེན་པོ་ཕྱེ་ཐུབ་པ།
གཏམ་གྱིས་བཞད་གད་ ཐོན་པའམ་ལྷོངས་བ་ནི། རབ་བཏགས་དང་དངོས་ཡོད་སྣ་ཚོགས་ལ་བརྟེན་ནས་ཉམས་མཚར་བ་དང་རྒོད་བྲོ་བའི་གཏམ་ གླེང་བཤད་པ་ན་ཉན་པ་པོ་རྣམས་དབང་མེད་དུ་བཞད་གད་རྒྱུན་མི་ཆད་པར་འཆོར་བར་བྱེད་ ནུས་པ་ཟློས་གར་གྱི་སྐབས་མེད་དུ་མི་རུང་བའི་ཡན་ལག་གྲས་ཤིག་ཡིན། (དེང་སང་བཞད་གད་ཀྱི་ཉམས་ལྡན་པ། )
ཤགས་ཀྱིས་ཕ་རོལ་ནོན་པ་ནི ། གཞན་ཕ་རོལ་པོ་དང་ཁ་ཤགས་རྩོད་གླེང་ཁྲིམས་རྩོད་བྱེད་པའམ་གླུ་ཤགས་འགྱེད་པ་ སོགས་ལ་བརྟེན་ནས་གཞན་དག་སྨྲ་བ་མེད་པར་བྱེད་ཐུབ་པ།
མཛངས་ལ་བློ་འགྱུ་བ་ཟེར་བ་ནི། རང་དང་གཞན་གྱི་བྱ་བ་བསྒྲུབ་པའི་ཐབས་ལ་མཁས་ཤིང་འཕྲལ་ཕུགས་ཀྱི་འགྱུར་ལྡོག་སྣ་ཚོགས་དུས་ཐོག་ཏུ་མཐོང་ཐུབ་པ།
དཔའ་ལ་བསྲན་ཚུགས་པ་ནི།...
དེ་ལས་མང་པ།