July ༢༠༡༦

ངེད། རྩོམ་ཡིག སྙན་ངག -0 Minutes

སྙན་ངག་གི་མཚན་མོར་སྙན་ངག་པ་གཉན་ལགས་ལ།

* བོད་ཀྱི་སྙན་ངག་གི་མཚན་མོར་སྙན་ངག་པ་གཉན་ལགས་ལ་བྲིས་པ། ___ཨ དོན་ཉི།    ༼ཨ་རི༽ མཚན་མོ་འདི ཞི་བའི་རྟ་དམག་གི་དཔལ་འབར་སྒྲོན་པའི་དབྱངས་རྩོམ་ས་ཡིན དཔའ་བོའི་ཤེས་རབ་ཀྱི་རླུང་སྒོང་སའི་ས་ཁང་སྐྱ་བོ་ཡིན མཚན་མོ་འདི རང་གི་རྐང་སྣེ་ལ་དྲིལ་བུ་བཏགས་ཏེ མཚན་བྲོ་འཁྲབ་མཁན་གྱི་བྱ་ཁྱུ་ནག་པོའི་མདུན་འདུག་པ་ཁྱེད་རང་ཡིན མཚན་མོ་འདི རུས་རྐང་རྩམ་པས་མགར་བའི་རྣམ་དཔྱོད་ཀྱི་བློ་མིག་ཅན་ཚོ གངས་ཀྱི་སྙིང་ལ་ལག་པ་སྙོབ་ནས་འགྲོ་སའི ཕུགས་བསམ་གྱི་གླིང་ག་ལྗང་མོའི་དོ་བདག་དེ་ཡིན མཚན་མོ་འདི འདྲ་མཉམ་དང་རང་དབང་གི་གླུ་སྒྲ་བར་མེད་དུ་སྒྲོག་པའི་ཞི་གནས་ལྷག་མཐོང་གི་རྒྱལ་ཁམས་དེ་ཡིན དཔྱིད་ཀ་བརྒལ་ནས་དབྱར་ཁ་སྙེགས་པའི་གྲོང་གསེབ་པ་རྟ་གཞོན་ཁྱེད་ཀྱི་སྦྲ་རྒྱག་ས་ཡིན རྟ་འདོགས་ས་ཡིན མཚན་མོ་འདི ཁྲི་མུན་ནས བོད་ཀྱི་བུ་ཕྲུག་ཁྱེད་ཀྱི་རལ་བས་བསླེས་པའི་སྡིངས་ཆ་ཡིན་སྐད སྡིངས་ཆའི་སྟེང་གི་གློག་ཁྲ་དང་དུ་བ་རྗེན་པ་དེ་ཡིནམཚན་མོ་འདི རིག་པ་རྣོ་ཞིང་རྒོད་ལ་ཤོར་བའི་སྲོག་ཆགས་ཀྱི་རྒྱལ་བོ་འདམ་སེང་ཁྱེད་ཀྱི་གཡུལ་ས་ཡིན འདམ་སེང་གི་སྒལ་པར་སྐྱེས་པའི་སྤུ་ཧྲེང་རེ་རེ་ཡིན མཚན་མོ་འདི གངས་ཀྱི་ཤ་གསེང་དང་རུས་གསེང་ལ་ཐོགས་ལྕགས་ཕོག་ཀྱང བཟོད་པ་སྒོམ་ཐུབ་མཁན་གྱི་གཡག་རྒན་རྩིད་ཤོམ་ཅན་ཁྱེད་འདྲ་བ་དག་ལ་དབང་བ་ཡིན མཚན་མོ་འདི སྙན་ངག་གི་དབུགས་དབྱུང་བསྟེན་ནས མུན་ཆེན་རྡལ་བའི་རི་གཟར་ནས་མེ་འབུད་མཁན་གྱི་དངུལ་མགར་པ་དང་ལག་རྩལ་པ་ཁྱེད་རང་ཡིན མཚན་མོ་འདི མགར་པ་ཁྱེད་ཀྱི་ཁོལ་ཁ་ན་དམར་པོར་མཆེད་པའི་འཁྱག་པ་དང་ཚ་བ་སྟེ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

བོད་ཡིག་སློབ་དེབ་དང་འབྲེལ་བའི་གདུང་འབོད།

བྱང་ཨའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་གདུང་འབོད་དྲག་ཁྲོས་སོ་བཞི་བ། རྫ་ཚེ་རིང་བཀྲ་ཤིས། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། ། བརྡ་སྤྲོད་སྒྲོན་མེའི་འོད་ནུབ་ན། ། འཇིག་རྟེན་མུན་པ་གང་གི་སེལ། ། བོད་མིའི་སྡོམ་ཐག་གང་གིས་བྱེད། ། ༢༽ ཐོན་མིའི་ཉིན་བྱེད་སྔ་ནས་ཡོལ། ། ས་པན་ཟླ་བའི་དཀྱིལ་འཁོར་ནུབ། ། མཁས་པའི་སྒྱུ་སྐར་ཉུང་བ་ན། ། འདྲེ་བྱའི་ཐན་སྐད་རི་ལུང་གང་། ། ༣ བོད་ལ་ཆབ་སྲིད་གཅིག་གྱུར་མེད། ། ཆོལ་གསུམ་སྐད་ཀྱི་གཅིག་གྱུར་མེད། ། འོན་ཀྱང་བརྡ་སྤྲོད་ཡི་གེ་ཡིས། ། གངས་ཅན་ད་བར་བཟླུམས་པ་ཡིན། ། ༤ འབྲུག་པས་ཆབ་སྲིད་མངོན་འདོད་ཆེད། ། བོད་ཡིག་བརྡ་སྤྲོད་རང་གར་བསྒྱུར། ། རྫོང་ཁ་ཞེས་པ་གསར་དུ་བཟོས།...
དེ་ལས་མང་པ།
གསར་འགྱུར། དཔྱད་རྩོམ། རྩོམ་ཡིག -0 Minutes

གླིང་ཕྲན་ཆུང་ཆུང་། རྩོད་པ་ཆེ་ཆེ།

འབྲོག་མྱི།          ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ན་ཡོད་པའི་སི་ཕི་ར་ཊི་ལི་གླིང་ཚོམ(Spratly Islands རྒྱའི་སྐད་དུ་ནན་ཧྲ་གླིང་ཚོམ་ཟེར)ནི། དོན་དངོས་སུ་མཚོ་འོག་བྲག་རྡོ་ཤིན་ཏུ་ཆུང་ཆུང་གི་ཚོམ་བུ་ཡིན་ལ། ལ་ལ་ཞིག་བྱེ་འབུར་ཡིན། འོན་ཀྱང་། དེ་གར་འཁྲུག་འཛིང་དང་གདོང་ཐུག་གི་ཉེ་ཁ་འཛམ་གླིང་ས་ཁུལ་གཞན་དག་གང་ལས་ཀྱང་ཚབས་ཆེ་བ་ཡོད། མཚོ་འོག་བྲག་རྡོ་དང་བྱེ་འབུར་དེ་དག་ཡོད་སའི་མཚོ་ཁུལ་དེ་ནི་འཛམ་གླིང་སྟེང་གི་ཚོང་དོན་གྲུ་ལམ་གལ་འགངས་ཆེ་ཤོས་དེ་ཡིན་པ་མ་ཟད། མཚོ་འོག་ན་རྡོ་སྣུམ་དང་རླངས་རྫས་ཀྱི་ཐོན་ཁུངས་བོངས་ཆེན་པོ་ཡོད་པར་ཡིད་ཆེས་བྱས་ཡོད། དེ་མིན་ལྷོ་རྒྱ་ནག་རྒྱ་མཚོ་དེ་ཉ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན། 
འོན་ཀྱང་། འདི་ཐམས་ཅད་ཐེངས་འདིའི་ས་ཁོངས་དང་མཚོ་ཁོངས་བདག་དབང་རྩོད་གཞིའི་རྒྱུ་རྐྱེན་གཙོ་བོ་དེ་མིན། འཁྲུག་འཛིང་དང་གདོང་ཐུག་དེ་གཙོ་བོ་ཐོད་རྒལ་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འགྲན་རྩོད་ཡིན་ཞིང་། དེ་ཡང་སུ་ནི་སྟོབས་ཆེན་ནུས་ལྡན་ཡིན། སུ་མགོན་སྐྱབས་ཡག་ཤོས་དེ་ཡིན། ད་དུང་སུ་ཡིས་གནོན་ཤུགས་མི་ཐེག་པར་ཕྱི་རུ་ནུར་བ་ལ་སོགས་པའི་འགྲན་རྩོད་ཡིན། རྒྱ་ནག་གིས་དབྱེན་དཀྲུག་གི་རྣམ་འགྱུར་བདམས་པ་མ་ཟད། རང་ཉིད་ག་ཚོད་ཅིག་ཏུ་འགྲོ་ཐུབ་པའང་ཚོད་བགམ་ཉམས་ཚོད་ལོན་ཡོད།           རྟེན་གཞི་ཡོ་རོབ་རྒྱལ་ཁབ་ཧའོ་ལནྡིའི་ཌན ཧཱ་གྷི་གྲོང་ཁྱེར་བྱས་པའི་རྒྱལ་སྤྱི་ཁྲིམས་ཁང་གི་ཁྲུན་ཐག་དཔྱད་ཁྲ་དེས་རྒྱ་ནག་ལ་རྡུང་རྡེག་ཆེན་པོ་ཐེབས་ཡོད། ཤོག་གྲངས ༤༩༧ ཅན་གྱི་བར་སྡུམ་ཁྲུན་གཅོད་དེས། འདས་པའི་ལོ་མང་རིང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཕལ་མོ་ཆེར་བདག་དབང་ཡོད་མདོག་གི་མག་མོག་གི་བཤད་སྲོལ་དེ་གཙང་སེལ་བྱས་ནས། རྒྱ་ནག་གི་བཤད་སྲོལ་འབའ་ཞིག་སྟེ་ལྷོ་རྒྱ་ནག་རྒྱ་མཚོའི “མཚོ་ཐིག་དུམ་བུ་དགུ” ཟེར་བའི་བདག་དབང་རྒྱ་ནག་ལ་མེད་པ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཁྲུན་གཅོད་བྱས་ པ་རེད།          འོན་ཀྱང་། བར་སྡུམ་ཁྲུན་གཅོད་ཚན་པར་རང་ཉིད་ཀྱི་ཁྲུན་ཐག་དཔྱད་ཁྲ་ལག་བསྟར་བྱ་རྒྱུའི་ཐབས་དང་ནུས་པ་མེད་ལ།...
དེ་ལས་མང་པ།
ངེད། བསྒྱུར་རྩོམ། རྒྱ་བསྒྱུར། རྩོམ་ཡིག -0 Minutes

ཨ་རིའི་རྒྱ་ནག་ཐད་ཀྱི་ཚོང་དོན་སྲིད་ཇུས་་

ཨ་རིའི་རྒྱ་ནག་ཐད་ཀྱི་ཚོང་དོན་སྲིད་ཇུས་དེ་ཁེ་ཤོར་གྱོང་རེག་གི་འཁྲུལ་ལས་ཆེས་འཁྲུལ་ཞིག འབྲོག་མྱི། ལོ ༡༦ རིང་ཡོ་འཁྱོམ་ཆེ་ཞིང་ལྷིང་མི་འཇགས་པས། གཞི་རྩའི་ཚོད་དཔག་གི་མགོ་རྟིང་སློག         ཨ་རིའི་སྐད་གྲགས་ཆེ་བའི༼ བོལ་སྲང་ལམ་ཉིན་རེའི་ཚགས་པར༽གྱིས་ཉེ་ལམ་དཔྱད་རྩོམ་རིང་པོ་ཞིག་སྤེལ་ཡོད་པ་དང་། དཔྱད་རྩོམ་དེའི་ནང་། སྤྱི་ལོ ༢༠༠༠ ལོའི་ཟླ ༤ བར། སྐབས་དེའི་ཨ་རིའི་སྲིད་འཛིན་ཁི་ལེན་ཊིན་ (Bill Clinton) དང་། ཨ་རིའི་མཉམ་འབྲེལ་དབུས་དངུལ་ཁང་ཆེན་མོའི་འགན་འཛིན་སྐུ་ཞབས་ཨ་ལན གྷུ་རེན་སི་ཕན( Alan Greenspan)། དེ་བཞིན་ཨ་རིའི་དཔལ་འབྱོར་དབུ་་ཁྲིད་ཚོ་ཕོ་བྲང་དཀར་པོར་འཛོམས་ནས་ཨ་རིའི་དཔལ་འབྱོར་ལོ་བཅུའི་རིང་བསྟུད་མར་རྒྱས་ཤིང་འཕེལ་བར་དགའ་སྟོན་རྟེན་འབྲེལ་ ཞུས་ཡོད་པ་དང་། ཁོང་ཚོ་ཐུན་མོང་ལ་ལྡན་པའི་དགོངས་ཚུལ་ནི། ཚོང་དོན་དང་། རྩེ་ཕུད་ཀྱི་ཚན་རིག་ལག་རྩལ། དབུས་དངུལ་ཁང་གི་ཚོད་འཛིན་སྟེ་མཆོག་ཏུ་གྱུར་བའི་ཐབས་ལམ་འདི་གསུམ་ལ་བརྟེན་ནས་ཨ་རིས་རང་ཉིད་དར་རྒྱས་ཀྱི་དུས་རབས་མུ་ནས་མུ་རུ་རྒྱུན་འཁྱོངས་དང་སྐུལ་ འདེད་ཐུབ་པར་ཡིད་ཆེས་དང་ཁག་ཐེག་བྱས་ཡོད་པ་རེད། 
འོན་ཀྱང་། ལོ ༡༦ གི་རྗེས་སུ།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

མེ་ཟླུམ་གྱི་སྙན་ངག་ཚན་པ་གཉིས།

མེ་ཏོག་འཐུ་བའི་བུ་མོ། མེ་ཟླུམ།  ཁམས་རྟའུ། ས་གཞི་སྔོ་ཁ་བཞད་པའི་དབྱར་གཞུང་གི་དུས་ལ།། ཁུ་བྱུག་མགྲིན་གླུ་སྙན་མོ་སང་སང་དུ་སྒྲོག་དུས།། ཡངས་བའི་རྩྭ་ཐང་སྟེང་གི་མེ་ཏོག་གི་འཛུམ་གྱིས།། སེམས་ཀྱི་མེ་ཏོག་འཐུ་བའི་བུ་མོ་དེ་དྲན་སོང་།། དགོད་སྒྲ་ལྷང་ལྷང་སྒྲོག་པའི་གཞོན་སྐྱེས་ཀྱི་ཕོ་མོས།། འཇིག་རྟེན་བདེ་དྲོད་ཅིག་གི་འཚོ་བ་ལ་རེ་ནས།། དཀའ་སྡུག་ལྭ་བ་ལྟ་བུ་རྒྱབ་ཏུ་རེ་གྱོན་ན།། བདག་གིས་མེ་ཏོག་འཐུ་བའི་བུ་མོ་དེ་ལེ་དྲན།། མདུན་གྱི་མུན་པ་སྐྱ་བོ་འགག་འཕྲང་གི་ཡུལ་ནས།། འཇིགས་འཇིགས་དངངས་དངངས་མེད་པར་འཛུམ་མདངས་ཀྱིས་བསུ་ཞོར།། ཟླ་བའི་འོད་དཀར་འོག་ནས་ཞབས་རྗེས་དེ་མཐོང་ན།། བདག་གི་རྨི་ལམ་གསེར་གྱི་གཤོག་པ་ཅིག་ཐོགས་སོང་།། གཟུགས་མེད་རྣམ་ཤེས་འཁྱམ་པོ་རླུང་བུ་བཞིན་ལྡང་དུས།། ལུས་ཀྱི་ཤ་དང་རུས་པ་འཇག་མ་ཡི་རང་མདངས།། ཤར་ནུབ་ཉི་མ་འཚེར་བའི་འོད་ཁྱིམ་དེ་མཐོང་ན།། སྤང་ཁའི་མེ་ཏོག་འཐུ་བའི་བུ་མོ་དེ་དྲན་སོང་།། དུས་ཀྱི་འཇའ་ཚོན་སྣ་ལྔ་མིག་གཉིས་ལ་མཛེས་ཤིང་།། མཚན་གྱི་ཟླ་འོད་སྨུག་པོ་སྒྲོན་མེ་ཡི་ཚབ་ཡིན།། ཁྱེད་རང་ང་ཡི་སྲོག་གི་སྐྱབས་གནས་དེ་ཡིན་པས།། སེམས་ཀྱི་དཀྱིལ་ནས་ཁྱེད་རང་དྲན་པ་དེ་མང་སོང་།། ཟླ་ཐོག་ལོ་ཡིས་བརྩེགས་པའི་དུས་ཚོད་ཀྱི་ཁྲོད་དུ།། སེམས་ཀྱི་བདེ་དགའ་རོལ་བའི་དུས་ཚོད་དེ་ཉུང་ཉུང་།། འཛུམ་དཀར་ཞལ་གྱིས་བསུ་ཞོར་རྩེད་མཚར་དེ་དགོས་ཀྱང་།། བདག་གིས་བརྩེ་བའི་ཨ་ལོང་གཡུག་འདོད་དེ་མི་འདུག། ཆར་བ་ཤག་ཤག་ཁྲོད་ཀྱི་དྲན་སྣང་། ནམ་ཟླ་འདིས་སྨུག་གི་ལྭ་བ་མཐུག་པོ་ཞིག་གྱོན་ནས རྡ་སའི་མི་བུ་དག་གི་འཛུམ་མདངས་བཀབ་འདུག རོལ་དབྱངས་ལ་དགའ་བའི་ང་དང་ང་ལྟ་བུའི་མི་བུ་འགའ ཁང་པའི་སྒོ་ལ་ཟྭ་ཆེན་རེ་བརྒྱབས་ནས་རེ་བའི་ཕ་རོལ་དེ་ལ དྲན་གདུང་གི་རི་མོ་རེ་འབྲི་བཞིན རྒྱང་རིང་གི་ལམ་ཕྲན་དག་ལ...
དེ་ལས་མང་པ།
ངེད། རྩོམ་ཡིག ལོ་རྒྱུས། -0 Minutes

ཙོང་ཁ་རྒྱལ་པོ་དུས་སྐབས་ཀྱི་ཐུ་བྷོད་སྲིད་དབང་།༥༽

རྩོམ་པ་པོ་ཐང་ཁད་ཅན།  བསྒྱུར་མཁན་གཅན་མུ་ཏིག ས་བཅད་གསུམ་པ།  མི་ཉག་གིས་བཟུང་བའི་ཧི་ཞི་ (河西) ས་ཁུལ།       1036 ལོར་མི་ཉག་གིས་མཐར་ལིང་ཇུ་བཟུང་ཞིང་ 1038 ལོར་མི་ཉག་རྒྱལ་ཁབ་ཆེན་མོ་བཙུགས་ཏེ་ཀྲུང་གོའི་ནུབ་བྱང་གི་ས་ཁྱོན་རྒྱ་ཆེན་པོ་ཞིག་བཟུང་ལ་དེ་དག་ནི་ཉིན་ཞྭ་དང་། ཀན་སུའུ་རྨ་ནུབ་དོག་ལམ་གྱི་ནང་སོག་ནུབ་རྒྱུད་ཀྱི་ས་ཆ་རྣམས་རེད།  མི་ཉག་སྲིད་འཛིན་ས་ཁུལ་ཉེར་གཉིས་ཀྱིས་གྲུབ་པ་མ་ཟད། ད་དུང་དམག་ཁག་བཅུ་གཉིས་བཙུགས་ཏེ།  དམག་དོན་ལ་དོ་དམ་བྱེད་ཀྱིན་ཡོད།  ལིང་ཇུ་ནི་རྒྱལ་ས་ཡུན་ཁྲོན་ཕུད་པའི་མི་ཉག་གི་མཁར་གྲོང་ཡིན་ལ་མི་ཉག་གི་གཞུང་མཁར་གཉིས་ཀྱི་ཡ་གྱལ་ཏེ། ཧྥུ་ཅིན་ (輔郡)  ཞེས་འབོད།...
དེ་ལས་མང་པ།
12