སྙན་ངག

ངེད། ནང་ཆོས། རྩོམ་ཡིག སྙན་ངག -0 Minutes

ཤིང་བཟའ་པཎྜི་ཏའི་བསླབ་བྱ་བླང་དོར་འབྱེད་པའི་སྒྲོན་མེ།

༄༅། །བསླབ་བྱ་མདོར་བསྡུས་བླང་དོར་འབྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། ༄༅། །ཨོཾ་སྭ་སྟི ཨེ་མ་དལ་འབྱོར་འབྲས་ལྡན་སྐྱེད་ཚལ་དུ། ། ཐུབ་པའི་བརྟུལ་ཞུགས་རྣམ་དག་ཚུལ་ཁྲིམས་ཀྱིས། ། ལེགས་པར་བསྡམས་པའི་ཐོས་སོགས་བཟླས་བརྗོད་ལ། ། གཞོལ་བའི་དྲང་སྲོང་དེ་ཀོ་འཇིག་རྟེན་རྒྱན། །...
དེ་ལས་མང་པ།
ངེད། སྙན་ངག -0 Minutes

མེ་ཏོག་དམར་ཆུང་།

༧མེ་ཏོག་དམར་ཆུང་།                      མགར་བཟའ།    ལོ་ན་ཕྲ་བའི་འབྲོག་ཐང་གི་བུ་མོ་ཞིག་ལ།   ཆར་རྒྱུན་གྱིས་བཀྲུས་པའི་བཞིན་རས་ཆུང་ཆུང་ གྲང་རླུང་གིས་ཤད་པའི་སྐྲ་ལོ་ནེམ་པོ ད་དུང་།   དྭངས་ཤིང་གཙང་བའི་མིག་ཟུང་གཉིས ཨ་མའི་སློག་ཧྲུལ་གྱི་ཐུ་འོག་ན ཅི་འདྲའི་སྙིང་དུ་སྡུག་ཨང་།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

དད་པས་ཡིད་ཁམས་སྐྱོམ་པའི་རླབས་ཕྲེང་ནོར་བུའི་དོ་ཤལ།

དར་ལྕེ་ཟད་པོ།     མཐའ་བཞི་ས་འཛིན་དཀར་པོས་ཡོངས་སུ་དཀྲིགས་པའི་བསིལ་ལྡན་ཁ་བའི་ཞིང་ཁམས་སུ་མཁས་དབང་གསེར་རིའི་ཕྲེང་བའི་དབུས་ན་གསེར་གྱི་ལྷུན་པོ་ལྟར་མངོན་པར་འཕགས་པ།  མདོ་རྒྱུད་དགོངས་པ་རང་དབང་དུ་འགྲེལ་བའི་འོད་སྣང་མཆོག་ཏུ་འབར་ཞིང་གདུལ་བྱའི་བློ་མུན་རྣམ་པར་སེལ་བ་ལ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ།  ...
དེ་ལས་མང་པ།
ངེད། སྙན་ངག -0 Minutes

གཞུང་ལམ་ནག་པོ། 

མགར་བཟའ། གངས་རིའི་ཚོགས་ཀྱི་གནའ་སྒྲུང་གི་རུས་པ་འཚིག་ཤུལ་དུ། མི་ཚོགས་ནི་ཆེས་སྙིང་ཉེ་བའི་ཤ་རུས་ཀྱི་དུངས་ཞེན་ཡིན་ནམ། རྡོ་བས་བརྡར་ཤིང་མེ་ཡིས་ཡང་ཡང་སྦར་ནའང་། ཚེ་སྲོག་གི་ལང་ཚོ་ཁོ་ན་བདེན་པར་གྲུབ་སོང་བ་འདྲ།...
དེ་ལས་མང་པ།
ངེད། སྙན་ངག -0 Minutes

མགུར་གླུ་སེམས་ངོ་ཆོས་འཕྲོད་མ།

ཤིང་བཟའ་སྤྲུལ་སྐུ། རྒྱབ་ན་དཔུང་བ་བཙན་པོའི་རྒྱབ་རྟེན་ཞིག་མེད་ཀྱང་།། རང་སེམས་རང་ལ་དབང་བའི་སྣང་བ་དེ་སྤྲོ་ཡོད།། མདུན་ན་གཡས་གཡོན་སྐྱོར་བའི་འཁོར་ཚོགས་རེ་མེད་ཀྱང་།། སེམས་ངོ་ཆོས་ལ་བརྩོན་པའི་སྤྲོ་སྣང་དེ་འཁོར་ཡོད།།  ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

སྙན་དངགས་ཚན་པ་ལྔ།

བསུན་སྣང་། སྨྱུག་མདའ། རྒྱ་མཚོའི་རླབས་སྒྲ་ལྟ་བུའི བྱ་ཁྱུའི་གཤོག་སྒྲ་ལྟ་བུའི ཚ་འུར་གྱི་གསེབ་ཏུ་ངུ་ཞོར་དགོད་ཞོར ས་བོན་ཆགས་སྲེད་ཀྱིས་འདུ་རུབ་བྱས ཚོར་སྣང་སྐྱེན་པོ་ཡོད་ཁུལ་གྱིས ཐ་སྙད་ཀྱི་འཇའ་ཚོན་ལ་འཁྱུད མེ་ལོང་ནང་བཤམས ནད་རྟགས་ཙམ་ལས་ཅི་ཡང་མི་རྙེད སྐབས་འདིར ཞེ་གཏིང་ནས་སྤྱོད་ཁང་བཙལ་རྩིས་ཡོད ༢༠༡༧/༣/༡༣ ལ། དེ་རིང་། འདས་སོང་གི་ལོ་རྒྱུས་རྒྱ་མཚོའི་ངོས་ན རི་ཆུའི་སྐྲ་ལོ་ཇེ་རིང་དུ་བཏང རྣམ་སྨིན་གྱི་ཚོང་ར་ནས་ག་ལེར་བུད་སོང གནའ་ཤུལ་གྱི་མཁར་རྙིང་གོད་ཆག་ཐེབས སྤྲོ་བསང་གཏོང་སར་ཅང་མི་འདུག འབྲོང་གཡག་གི་རུས་པ་འགྱུར་སོང་ཟེར ཁ་བ་དེས་བདེ་སྐྱིད་བསུས་ཏེ ས་བཅུད་ཡུལ་བཅུད་འཕེལ་སོང་ཟེར རི་གྲོང་ན་རྟེན་འབྲེལ་གྱི་ལེའུ་སྒྲིག་ཞོར སེམས་པ་སྔས་སུ་བཞག་སྟེ་ཁྱེད་ལ་བལྟས གཟུགས་རིས་སྣ་མང་འཆར་བའི་བརྙན་འཕྲིན་དུ ང་ཚོའི་སྐྱི་པགས་ཀྱི་ངོ་གདོང་གསར་བ་ཞིག་མངོན སུ་དང་སུའི་གཏམ་རྒྱུད་ཡིན་སྙམ་ཤར རབ་རིབ་ཀྱིས   མག་མོག་གིས ཡུལ་གྱར་བ་ཐེངས་ཤིག་གི་རྗེས་སུ་ཐོན་ཡོང་ངེས ༡༠ །...
དེ་ལས་མང་པ།