July ༡༩, ༢༠༡༥

གསར་འགྱུར། -0 Minutes

རྟོགས་སད་ཀྱི་འཇིགས་སྣང་།

འབྲོག་མྱི།          རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོས་ཁྲིམས་རྩོད་པར་དྲག་གནོན་བྱེད་དོན་ནི་རྒྱ་ཆེའི་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་གི་འདུ་ ཤེས་ཉིན་རེ་ཞག་རེར་རྟོགས་པ་ལས་སད་ཀྱིན་པས་ཡིན་ཞེས༼བོལ་སྲང་ལམ་ཉིན་རེའི་ཚགས་ ཤོག༽གིས་ཆེད་བརྗོད་རྩོམ་ཡིག་སྤེལ་འདུག རྒྱ་ནག་གི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་དོ་སྣང་ཚོགས་ཆུང་གི་སྙན་ཐོ་ལྟར་ན། ཕྱི་ཟླ ༧ ཚེས ༩འི་ཞོགས་པ་ཆུ་ཚོད་བཞི་བ་ཡས་མས་སུ་པེ་ཅིང་ཧྥིན་རས་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ལྕམ་ཝང་ཡིའུ་འཛིན་བཟུང་བྱས་པ་ནས། ཕྱི་ཟླ ༧ ཚེས ༡༧ བར། ཁྲིམས་རྩོད་པ་དང་། ལས་དོན་ཁང་གི་ལས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་མི ༢༢༢ འཛིན་བཟུང་དང་། བཀག་ཉར། གར་སོང་མི་ཤེས་པ།  འབྲེལ་བ་ཆད་པ། ཐུག་ནས་སྐད་ཆ་བཤད་པ། བཀའ་འགུག དུས་ཡུན་ཐུང་ངུར་འགྲོ་འདུག་བཀག་པ་སོགས་བྱས་ཡོད་འདུག       རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོས་ཁྲིམས་རྩོད་པ་དང་ལས་འགུལ་བ་སོགས་ལ་དྲག་ གནོན་བྱས་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད་པ་དང་། ཨ་རིའི་སྐད་གྲགས་ཆེ་བའི་སྨྱན་བྱད་ཀྱི་གྲས ༼བོལ་སྲང་ལམ་ཉིན་རེའི་ཚགས་ཤོག༽གིས་ཆེད་བརྗོད་རྩོམ་ཡིག་སྤེལ་ནས་བརྗོད་དོན། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ཐེ་བའི་ཐོབ་ཐང་སྲུང་སྐྱོབ་པར་དྲག་གནོན་བྱེད་དོན་ནི། རྒྱ་ནག་གི་མི་སེར་དཀྱུས་མའི་ཁྲོད་ཐོབ་ཐང་སྲུང་སྐྱོབ་ཡང་ན་ཐོབ་ཐང་གི་འདུ་ཤེས་ཉིན་རེ་ཞག་རེར་རྟོགས་པ་ལས་སད་ཀྱིན་པས་ཡིན་ཞེས་བརྗོད་འདུག      ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

ཚོད་ཚོད་ལ་འདི་ལྟར་དྲན།

མགར་བཟའ། དུས་ཚིགས་དང་ལོ་ཟླ་འདི་ལྟར་བྲེལ་སྟོབས་ཀྱིས་བཞུར་གྱིན་འདུག གཙང་བོ་དང་སྐྱེས་དངོས་རེ་རེ་ཡང་འདི་ལྟར་བསྐྱར་ཟློས་ན་འཁོར་གྱིན་འདུག སུ་ཞིག་གི་རྨི་ལམ་ཁོ་ནས མཐའ་མེད་ཀྱི་མཁའ་དབྱིངས་ནས་གནམ་འཕང་བསྟོད་དུས། རླུང་གི་འཁོར་འགྲོས་དང་ས་ཆེན་གྱི་སྙིང་ཁ་ནས། ངས་དབྱངས་རྟ་མེད་པའི་རྟོགས་སྒྲུང་ཞིག་སེམས་ཀྱིས་བཙལ་བཞིན། སྐྱེས་འཆིའི་གོ་རིམ་ལ་ཡང་ཡང་བལྟ་དུས། ཚོར་བ་གཅེར་རྗེན་ཞིག་གི་མཇུག་བྱང་ལས་རང་ཉིད་རྙེད་བྱུང་། མཐའ་མེད་པའི་དེ་རིང་གི་ནམ་མཁའ་དང་ས་གཞི་ཡ། བདག་གི་འཇགས་སུ་མེད་པའི་དྲན་ཤེས་ལ་དཔང་བོ་མཛོད་དང་། ང་ནི་ནམ་ཡང་ཁྱེད་ཁོ་ནར་ཕྱོགས་པའི་ལམ་འགྲོ་བ་ཁེར་རྐྱང་དེ་ཡིན་སྲིད། ཡུན་ཐུང་གི་འཚོ་བ་འདིའི་དགའ་སྐྱོ་དང་འཆར་ཡན། ཡང་ན་དུངས་པ་མཐའ་དག དྲན་གདུང་གི་གཤོག་ཟུང་ལ་བཏེགས་ནས། ཁྱེད་དང་ཁྱེད་ཀྱི་སང་ཉིན་ལ་ཕུལ་འདོད། ས་ཆེན་པོའི་སྦྱན་ཟུང་ལ་དུང་སེམས་ཀྱི་མཆོ་མོ་འཁྱིལ་དུས། ངས་ཆགས་སྡང་གིས་བསྐྱོམས་པའི་ཚོར་བ་ཟབ་མོ། རང་ཉིད་ཀྱི་མཛུབ་རྩེ་ལ་འདྲེན་བཞིན། ལྗང་མདོག་གི་རི་ཆུ་ཁོ་ན་ཁྱེད་ཚོར་ཕུལ་ཆོག དུས་གཏན་དུ་ཕུལ་ཆོག བདག་གི་སྙིང་ཉེ་བའི་ལྷ་དང་ལྷ་མོའི་ཚོགས། ༢༠༡༥ /༧ /༡༥ཉིན་གྱི་མཚན་མོ་བྲིས། ངེད་དྲ་ཚིགས།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཚན་པ་གཉིས།

ཙོང་ཁ་ཚེ་བརྟན་རྒྱལ། ༡ ཆར་བ་སྔར་བཞིན་ཤག་ཤག ཡུན་རིང་མ་མཐོང་བའི་ཟླ་བ་དེ། གང་ན་ལྷག་ཡོད། བོས་ན་བཙལ་ན། མཇལ་སྐལ་གང་ཡིན། ཟླ་ཚེས་གང་ཡིན། ལན་ནི་མུན་པ་ལས་ཅི་ཡོང་། ཆར་བ་སྔར་བཞིན་ཤག་ཤག དྲན་སྣང་གི་མི་དེ། ངའི་གཉེན་ཉེའམ་ཁྱེད་ཀྱི་མཛའ་བོ། རྩྭ་ཐང་ན་ཡོད་དམ། ས་མཐའ་ན་ལུས། འཕྲད་པའི་སྟེ་དབང་བསྐོར་བ་གཅིག་བསམ། བྲལ་བའི་མཐའ་མཇུག དྲན་གདུང་ལས་ཅི་ཡོད། ཟླ་བ་དེ། ངའི་མཚན་མོ། ཆར་བ་དེ། ངའི་འཇིག་རྟེན། དྲན་སྟངས་རེ་རེ། ཁ་དོག་གང་ཡིན། ཆར་བ་སྔར་བཞིན་ཤག་ཤག ༢༠༡༥/  ༧ /༡༥། ༢  མེག་རྒན་སྲང་ལམ་ཉུལ་བའི་ལོ་འདི་ཚོ། སྟོད་ཀྱི་ཆུ་བཞི་འབབ་ས། ཆེ་ན་ཆེ་རབས། སྨད་ཀྱི་ཆུ་བཞི་བཞུར་ས། རིང་ན་རིང་རབས། སྣ་ཚོགས་སྒྲུང་ཞིག་གྲུབ་ནའང་།...
དེ་ལས་མང་པ།