December ༧, ༢༠༡༥

ངེད། འབོལ་རྩོམ། རྩོམ་ཡིག -0 Minutes

ལོ་ཙཱ་གླེང་བའི་གཏམ་ཆུང་བ།

__ཨ དོན་ཉི། ༼ཨ་རི།༽           ཉེ་ལམ་བོད་ཀྱི་རྩོམ་མཁན་ཚེ་རིང་དོན་གྲུབ་ལགས་ལི་ཡུལ་དུ་བསྐྱོད་པའི་ཟིན་རྩོམ་ཞིག་བཀླགས་ཤིང་། ཁོང་གིས་ཟིན་ཐོ་དེའི་ནང་བྲིས་པའི་མི་རིགས་གཞན་པའི་རིག་གནས་ཀྱི་རྐང་མང་བོ་ཞིག་ཡུ་གུར་མི་རིགས་ཀྱི་ཡི་གེར་བསྒྱུར་ཡོད་པའི་སྐོར་དེས། བདག་ཡིད་རབ་ཏུ་བཀུག་ཅིང་ཤིན་ཏུ་སྡུག་པར་བཏང་སོང་།          ངའི་ཡིད་སེམས་བཀུག་དོན་ནི། ཡུ་གུར་མི་རིགས་ཀྱི་བློ་གྲོས་ཅན་རྣམ་པས་ལེ་ལོ་དང་རྣམ་གཡེང་ལ་མ་བསྐུར་བར་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་མང་བོ་ཞིག་ཁོང་ཚོའི་རིག་གནས་སྐད་ཡིག་ལ་བསྒྱུར་ཡོད་པའི་ཤེས་རབ་མུ་བསྲིངས་ཀྱི་འོད་ཟེར་ཞིག་སྤྲོས་འདུག་པ་དེས་ཡིན།           སེམས་སྡུག་པར་བཏང་དོན་ནི། མི་རབས་གསར་བའི་ང་ཚོ་བོད་ཀྱི་ཤེས་ཡོན་པའི་སྡེ་ན། སྟོབས་ལྡན་མི་རིགས་གཞན་པའི་ཤེས་རབ་ལས་འཁྲུངས་པའི་རིག་གནས་ཀྱི་སྙིང་བཅུད་འཛོམས་པོ་དག་ཚུར་བོད་བསྒྱུར་བྱ་མཁན་གྱི་མི་བུ་དཔྱོད་ལྡན་པ་ཉུང་དྲག་འདུག་སྙམ་པའི་ཀུན་སློང་སྐྱོ་མོ་དེ་འདྲ་བས་བསྐྱེད་པ་ཡིན།         དེང་གི་མི་རབས་གསར་བའི་བོད་ཀྱི་རིག་གནས་པ་དང་སློབ་སྦྱོང་ཅན་གྱི་སྡེ་བ་ན། མི་རིགས་གཞན་པའི་རིག་གནས་སྣང་ཚུལ་གྱི་དར་རྒྱས་ཆེན་པོའི་འཕུར་སྐྱོད་ལ་ཡ་མཚར་གྱི་བསམ་བློ་འཆིང་སྟེ་འགྲམ་ཆུ་སྐམ་པོ་ལྡང་བར་དགའ་བའི་རིགས་མང་བ་ལས། བློ་དང་རིག་པས་བདར་ཞིང་ཚེགས་དང་བརྩོན་འགྲུས་བརྒྱབ་ནས་མི་རིགས་གཞན་པའི་རིག་གནས་ཀྱི་མཚར་སྡུག་ནང་འདྲེན་བྱེད་ཐུབ་མཁན་གྱི་མི་བུ་ཧ་ཅང་གི་ཉུང་ཉུང་རེད།  དེ་བས་ཀྱང་བདག་བློས་འཇུན་མི་ནུས་པ་ཞིག་ནི། ཆབ་དཔལ་རིག་གསུམ་གྱི་ཡང་རྩེར་སོན་པའི་རྒྱལ་ཁོངས་མང་བོ་ན་འཚོ་བ་སྐྱེལ་བཞིན་པའི་བོད་ཀྱི་ཤེས་ཡོན་པ་ཕལ་མོ་ཆེ་རྣམས། མི་རིགས་གཞན་པའི་ཧུར་བསྐྱེད་བསམ་བློའི་རིག་གནས་ཀྱི་མཁའ་དབུགས་ལ་བློ་སྦྱོང་ཙམ་དང་བག་ཆགས་ཙམ་བཞག་པས་ཆོག་བློ་སྐྱེ་སྟེ། མི་རིགས་གཞན་པའི་དཔེ་ཀློག་གི་སྐོམ་གདུང་དང་ཞིབ་འཇུག་གི་སྤོབས་པ། འབད་འབུངས་ཀྱི་ལག་ལེན་དང་གསར་གཏོད་ཀྱི་ཤེས་རབ་སོགས་ཀྱི་རིག་གནས་ལེགས་ཆ་མང་བོ་ཞིག། ཚུར་བོད་ཀྱི་རིག་གནས་བང་མཛོད་ནང་ལ་ཁུ་བསྡུ་དང་འབོར་འདྲེན་བྱེད་མི་བཏུབ་པའི་བསམ་བློའི་སྒྱིད་ལུག་པ་མང་བ་དེ་རེད།          མ་ཟད་ཡང་། ཡར་རྒྱས་ཀྱི་མགྱོགས་ཚད་བྱ་ལྟར་མྱུར་བའི་ཕྱིའི་རྒྱལ་ཁབ་དག་གི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེ་ན། བོད་རང་གི་སྲོལ་རྒྱུན་རིག་གནས་རྐྱང་བས་གྲོད་ཁོག་འགྲང་ཐག་ཆོད་དེ། མི་རིགས་གཞན་པའི་རིག་གནས་ཀྱི་འཕུར་སྐྱོད་བྱེད་སར་ཁོ་ཚོ་རྐང་པ་དང་ལྟོ་བས་འཕྱེ་ནས་འགྲོ་བར་གོམས་ཡོད་པ་ལས། ཁོ་རང་ཚོའི་མིག་གིས་མཐོང་ཞིང་ལག་པས་སྙོབ་སའི་མི་རིགས་གཞན་གྱི་རིག་གནས་གསར་བསྒྱུར་གྱི་གཡོ་ཁྱོམ་ལ་ཁ་ཡ་བྱེད་ཀྱི་མེད་ཚོད་རེད།       ཅི་ཞིག་རྩོམ་མཁན་དུ་ཁས་འཆེས་པ་དང་རིག་པ་སྨྲ་བའི་ཚུགས་ཀ་འདོན་མཁན་གྱི་མི་བུ་མང་ཚོད་ཅིག་ལ་ལས་ཀ་གཞན་ཞིག་ཡོད་པ་ནི། ནམ་ནམ་ཞར་ཞར་དུ། བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློ་གསར་བའི་མགོ་གང་ནས་འབུས་ན་དེ་ལ་རྒྱུགས་ནས་འབུར་འཇོམས་དང་དཀྲུགས་གཏམ་སྨྲ་བར་ལོབས་འདུག་པ་ལས།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

ཀ་བཤད་ཁ་ཚ་མ།

ཁ་སྒང་གཡང་འབུམ་ཚེ་རིང་། ཀ་ར་བུ་རམ་ལྟ་བུའི།། ཁ་ཞེ་མཐུན་པའི་སྙིང་གཏམ།། ག་ལེར་ཞུ་བར་འདོད་ན།། ང་ལ་ལན་གཅིག་གསན་རོགས། ཅ་ཅོ་ཀུ་ཅོ་མ་འདོན།། ཆ་ལུགས་གཞན་དུ་མ་སྒྱུར།། ཇ་ཁང་ཆང་ཁང་མ་ཉུལ།། ཉ་རེ་ཉོ་རེར་མ་འདུག། ཏ་ལའི་བླ་མའི་དགོངས་པ།། ཐ་མལ་ང་ཚོས་མ་དཀྲུག། ད་ལྟའི་རང་རེའི་བདེ་སྡུག། ན་མཉམ་ང་ཚོས་སྒྲུབ་དགོས།། པ་ཕ་ཨ་མའི་ཐུགས་རེ།། ཕ་གཞིས་གྲོང་ན་འཁྱིལ་བ།། བ་གླང་རྫི་བོ་ཡིན་ཡང་།། མ་བཤད་ན་འང་ལོས་ཤེས།། ཙ་གེ་ཙི་གེ་དོན་དུ།། ཚ་གེ་ཚི་གེ་མ་བྱེད།། ཛ་དྲག་གནད་འགག་གང་ཡིན།། ཝ་ལེར་རྟོག་པ་གལ་ཆེ།། ཞ་ར་འཐེང་པོ་མིན་ན།། ཟ་འཐུང་གཅིག་པོས་མི་ཆོག། འ་ཅག་མི་རིགས་ལས་དོན།། ཡ་ཁོག་སྙིང་ལ་བཅང་དགོས།། ར་བ་གངས་རིའི་ཡུལ་ལ།། ལ་མོར་ལོག་འདོད་ཡོད་ན།། ཤ་ཞེན་བློ་སྤོབས་ཆེན་པོས།། ས་ཆེན་ཁ་ལོ་སྒྱུར་དགོས།། ཧ་ཅང་ཐལ་བའི་གཏམ་འདི།། ཨ་གསར་རྟ་ཕོར་བསྐྱོན་ནས།། ཧ་བེ་ཧོ་བེར་ལུད་པ།། ཨ་ཕོ་ང་ཡི་ཁ་སྤོབས།། ༢༠༡༥/༡༢/༠༧...
དེ་ལས་མང་པ།