March ༤, ༢༠༡༦

ངེད། རྩོམ་ཡིག སྙན་ངག -0 Minutes

སྐད་འཕྲིན་ཀྱི་འཇིགས་སྣང་།

འོད་དཀར།    ཧ་ཅང་ས་མཐའ་ས་མཐའ་ཞིག་སྟེ་ཅི་ཡང་མེད་པའི་གནས་དེ་ན།  ཁྱི་སྨྱོན་ལྟ་བུའི་སྐྱེ་བོ་འགས་ཉེ་འཁོར་ཀུན་ལ་མཆེ་གཙིགས་ཀྱིས་ངར་སྒྲ་སྒྲོག་བཞིན་པ་མཐོང་དུས། བྱམས་སེམས་དང་སྙིང་རྗེའི་བདག་ཉིད་ལ་གནས་པའི་མི་རིགས་འདི་གང་ཞིག་ལ་བོར་ཨེ་འགྲོ་སྙམ་པའི་བློ་འཚབ་ཡང་ཡང་འཁོར་ཡོང་།    ཕ་ལོ་སྤྲེའུ་བྱང་ཆུབ་སེམས་དཔའི་གཤིས་སྤྱོད་བཟང་པོ་དེ་དང་ཡབ་མེས་བཙན་པོ་དག་གི་ངང་རྒྱུད་འཇམ་པོ།  ད་དུང་དགེ་བཅུའི་ལས་ལ་གོམས་ཤིང་དུང་བའི་གདོང་དམར་བའི་མི་རིགས་འདི།  ང་ཚོའི་མི་རབས་འདིས་འདི་ལྟར་དུར་འོག་ལ་འཇུག་བཞིན་པ་མཐོང་དུས། སྙིང་གི་འཕར་རྩ་རེ་རེ་བྲང་གཞུང་ནས་བཀོག་སོང་།     དེང་གི་སྐད་འཕྲིན་ཟེར་བའི་བརྡ་འཕྲིན་གྱི་དཀྱིལ་འཁོར་རྫོད་པོ་འདི་ནས།  ང་ཚོའི་མི་རབས་འདི་ལ་བདེན་པ་མི་དགོས་ལ། དྲང་གཏམ་དང་ཡ་རབས་ཀྱི་ལུགས་སྲོལ་དེ་ལས་དབེན།  བཟང་སྤྱོད་དང་གོང་བཀུར་སོགས་ཀྱི་ཐ་སྙད་ཡོད་ཚད་གནས་འདི་ནས་བྲིས་ཟིན་པའི་གསེར་གྱི་འགྱུར་རྡོ་རེ་རེར་གྱུར།    ཚོགས་པ་མང་པོ་དང་སྟོང་བཤད་རེ་རེ་ཡི་བར་གསེང་ན།  དུས་ཚོད་དང་མི་ཚེ་སྟོང་ཟད་བྱེད་བཞིན་པའི་སྐར་ཆ་རེ་རེ་ཇི་འདྲའི་འཇིགས། ད་ནི་ཞི་བདེ་བག་ཕེབས་ལ་གནས་པའི་མི་རིགས་ཤིག་འདི་ལྟར་ཟང་ཟིང་ལ་བསྒྱུར་སོང་།    རྫུན་དང་ཕྲ་མ། གཡོ་སྒྱུ་ཁྲམ་གསུམ་གྱི་བྱ་སྤྱོད་ནི་འདི་དག་གི་འཚོལ་སྙེག་ཡིན་ནམ།  དུས་དེ་རིང་སུ་ཞིག་རྫུན་ལ་མཁས་ན་དེ་ནི་མཁས་པ་ཡིན་ལ། སུ་ཞིག་ཕྲ་མར་བྱང་ན་དེ་ནི་དཔའ་བོར་རློམ། འདི་ལྟར་ཡོད་ཚད་ཀྱི་ཡོད་ཚད་མགོ་མཇུག་ལོག་སོང་བས།  ཁ་བ་གདོང་དམར་བའི་མི་རིགས་དེ་འདི་ལྟར་འགྱུར་དགོས་པ་ཡིན་ནམ།     ཡབ་མེས་དག་གི་དཀའ་སྤྱད་ལས་གྲུབ་པའི་རིག་གནས་དང་གོམས་གཤིས་བཟང་པོ་དག  དེང་གི་སྐད་འཕྲིན་གྱི་དཀྱིལ་འཁོར་ནས་རླུང་ལ་སྐུར་བཞིན་འདུག    མྱི་ལོ་ལྔ་བཅུའི་གཉའ་གནོན་ལས་འཇིག་མ་ཐུབ་པའི་བཙན་པོའི་སྙིང་སྟོབས།  དེང་གི་སྐད་འཕྲིན་གྱི་སྐུད་སྣེ་ན་འབོར་བཞིན་འདུག   ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ།

_____བདུད་བྷེ་ལགས་ལ་མྱ་ངན་གྱི་ཚབ་ཏུ་བྲིས། ཨ་ དོན་ཉི།  ༼ཨ་རི།༽ གངས་རིའི་ལྟོངས་བར་བྱམས་དུངས་ཀྱིས་ཟུག་པའི་དབྱངས་ཀྱི་རྒྱུད་སྐུད། སྨན་ཁང་ནས་འདར་གཡུག་བྱས། ཙག་ཁ་ནས་འཁངས་ལ་བྱས། དྲ་ཐོག་ནས་འདར་ཙམ་བྱས། རླུང་གི་ངོགས་ནས་འདར་འདར་བའི་དེ་རིང་། གློ་བུར་དུ་འདར་མཚམས་ཆད་སོང་། སྐད་ཅིག་ལ་ཁ་རླངས་འཁྱགས་སོང་། བདུད་བྷེའི་དབྱངས་ཀྱི་རྒྱུད་སྐུད་སྟེང་འཚོ་བའི་སེམས་ཅན་སྐྱོ་གདུང་ཅན་ཚོ། ཟང་ཟིང་ལོང་ལོང་གིས་དྲ་ཐོག་ལ་བཤར་ཡོང་སྟེ། མིག་ཆུ་དཀར་པོ་ཕུད། མ་ཎི་ཡིག་དྲུག་གྱེར། དབྱངས་ཀྱི་མྱི་བོ་གཤེགས་ན་དེ་འདྲ་ལོས་བྱེད་ཨང་། སྐྱོ་གདུང་དང་རླབས་ཆེན་གྱིས་འདར་བའི་དབྱངས་ཀྱི་རྗེས་ཤུལ། རི་ཟོམ་མང་བོར་དཀར་ཆིལ་ལེར་བཀྲམས་ཡོད་པས། རི་ཁ་དང་ཆུ་རྒྱུད་དག་ལ་ཕོག་པའི་ཉི་ཟེར་ནི་མྱ་ངན་གྱིས་བཟུང་འདུག སྙན་འཇེབས་དང་འགྱུར་ཁུགས་ལ་བརྒྱུས་པའི་གླུ་ཡི་མཆོད་པ། མྱི་སེམས་ཁྲི་སྟོང་གི་དད་འདུན་ལ་ཕྲོད་བྱུང་བས། རྫ་ལམ་དང་གཙང་པོའི་གཞུང་ལ་འཕངས་པའི་སྐུ་ཟམ་ནི་ཕྱོགས་བཞི་ལ་དཔྱངས་འདུག བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ། ངས་ནི་བོད་ཀྱི་པི་ཝང་གི་དབྱངས་རྟ་ག་དུས་གོ་ན། དེ་དུས་ཁྱེད་རང་དྲན་རྒྱུ་ཡིན། ཨ་མདོའི་བདུང་ལེན་གྱི་སྐུད་པ་སུ་ཡིས་དཀྲོལ་ན། དེ་དུས་ཁྱེད་རང་བསམ་རྒྱུ་ཡིན། བདུད་བྷེ་ལགས། དབྱངས་ཀྱི་མྱི་བོ། ཁྱེད་རང་སྐུ་གཤེགས་པ་དེས། ས་མཐོ་རི་གཙང་གི་ཡུལ་ལྗོངས་ཧྲིལ་པོ་འདར་དུ་བཅུག་ཡོད། ནང་བཅུད་སེམས་ཅན་གྱི་སྒྱུ་ལུས་གཡར་བོ་དངངས་བར་བྱས་ཡོད། མ་གཞི་ཁྱེད་རང་སྐུ་གཤེགས་པ་དེས།...
དེ་ལས་མང་པ།