March ༢༦, ༢༠༡༦

ངེད། རྩོམ་ཡིག སྙན་ངག -0 Minutes

སྨྱུག་མདའི་སྙན་ངག་གསར་བ་འགའ།

 ___ སྨྱུག་མདའ། ༈ དུད་དྲེག མེ་ལོང་ངོས་ཀྱི་མི་ཚོགས ཚ་དྲོད་དང་རྨི་ལམ་གཞན་ཞིག་རྒུམ་སྟེ སུ་ཞིག་གི་ར་མདའ་བཞིན་མངོན་ཡོང་ན གྲིབ་མའི་འོག་ཏུ་གཟུགས་ཕུང་དང་མུན་པ་རེ་རེ་བྲིས་ཡོད རྣག་གི་རི་མོ་སྣ་ཚོགས་ཤིག་གྲུབ་ཚར་རྗེས ཡི་གེ་དག་ཁྲོག་ཁྲོག་ཏུ་འཆི་སྐར་ལ་སྒུག་ངེས་ཏེ རྨི་ལམ་ནང་གི་བུ་མོ་དེ་བོར་འགྲོ་བ་རེད དེ་དུས་དལ་ཅག་གེར་བཙོན་མར་གྱུར་ཚར་བ་རེད དུས་ཚོད་འདི་དཔྱད་ཀ་ཞིག་ཏུ་ཁེལ་བས ཁུ་བྱུག་གི་སྐད་དེ་གྲག་ཨེ་ཡོང་སེམས་ཏེ ཟླ་བ་རྒས་ཀྱང    ཉི་མ་རྒས་ཀྱང ངས་ད་དུང་རི་བོར་སྨོན་ལམ་གྱི་ཁ་ཕྱོགས་ཤིག་སྒྲིག་གིན་ཡོད སེམས་ཁམས་ཀྱི་འོད་ཕྲ་བུ་དེའང ས་དོག་མོ་འདིའི་མཐའ་ཡས་པའི་མཁའ་དབྱིངས་ཉིད་དེ ཁྱོད་ཀྱི་རྒྱབ་རོལ་དུ་རྡོ་བ་ནག་པོ་ཞིག་རེད འཁྱག་སིབ་སིབ་ཀྱི་རྡོ་བ་ནག་པོ་ཞིག ལམ་འགྲོ་བ་ཚོ་སང་ཉིན་ཡང་སྔར་བཞིན མིག་ཟུང་བཙུམ་སྟེ་མདུན་དུ་མཆོང་གིན་རེད མདུན་ལྗོངས་ཀྱི་ལོ་ཟླ་ན་རེ མེ་ཏོག་བྱེ་ཐང་ལ་འདྲུད་བཞིན་འཆི་འོ ངས་དེ་ལྟར་སྙམ་སྟེ་འཆི་འོ 2016/3/20 མཚན་མོར། ཡེ་འདྲོག བར་སྣང་ལ་ལྷབ་ལྷུབ་ཏུ་འཕུར ནམ་ཡིན་འཚང་ག་ཤིག་ཤིག ཐ་རྡུལ་དལ་ཅག་གེར་སོང་དུས སེམས་པ་སུན་སྣང་གིས་བཙིར...
དེ་ལས་མང་པ།