August ༢༠, ༢༠༡༤

གསར་འགྱུར། -0 Minutes

དམ་ཆོས་ཚུལ་ཁྲིམས་ལགས་བཙོན་བཀྲོལ་ཐོབ་པ།

ཕྱི་ཚེས་༡༩འི་ཉིན་འདི་གར་འབྱོར་བའི་གནས་ཚུལ་ལྟར་ན།  ཕྱི་ལོ་༢༠༡༢་ལོའི་ཟླ་གཉིས་པར་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་བོང་སྟག་དགོན་ པའི་དགེ་བསྐོས་ཟུར་བ་དང་། དཔེ་ཁྲིད་དགེ་རྒན་དམ་ཆོས་བཟང་པོ་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་ཆེད་རང་ ལུས་མེར་བསྲེགས་ནས་གྲོངས་རྗེས། དོན་རྐྱེན་དེ་བསྙད་ནས་རྒྱ་ནག་གཞུང་གིས་བོང་སྟག་གི་ཨེ་ཝམ་ཏ་རེ་དགོན་པའི་དགེ་ འདུན་པ་དགུ་དང་མི་སྐྱ་གཅིག་བཅས་ལ་ལོ་གཅིག་ནས་བཅུ་བར་གྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། དེའི་ཁྲོད་ཀྱི་ཕ་ཡུལ་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་དགེ་འདུན་པ་དམ་ཆོས་ཚུལ་ ཁྲིམས་ལགས་ཟླ་བ་འདིའི་ཚེས་༡༩ཉིན་ལོ་གཉིས་དང་ཕྱེད་ཀའི་བཙོན་དུས་ལོན་ཏེ་གློད་ བཀྲོལ་ཐོབ་འདུག
ཡང་གནས་ཚུལ་ལྟར་ན། ཐེམ་ཆེན་རྫོང་སྲིད་ཁྲིམས་མི་སྣས་མང་ཚོགས་ཀྱིས་ཁོང་ལ་ཕེབས་བསུ་ཞུ་མི་ཆོག་ པའི་བཀའ་རྒྱ་བཏང་སྟེ་བཙོན་འཇུག་བྱེད་སའི་ཟི་ལིང་བཙོན་ཁང་ནས་ཐད་ཀར་མཁར་དམར་ཡུལ་ཚོའི་རང་ཁྱིམ་དུ་བསྐྱལ་ཡོད་འདུག ཡིན་ནའང་དགེ་འདུན་པ་དམ་ཆོས་ཚུལ་ཁྲིམས་ལགས་རང་ཁྱིམ་དུ་འབྱོར་མ་ཐག་ཁོང་གི་ཆོས་གྲོགས་དང་། ནང་མི། ཡུལ་ཚོའི་མི་མང་བཅས་ཀྱིས་མཇལ་དར་ཕུལ་བ་དང་། ཟས་སྣེས་སྡེར་ཁ་བསྒྲིགས་ནས་ཕེབས་བསུ་ཞུས་ཡོད་པ་རེད། ཡང་གནས་ཚུལ་ཡོང་ཁུངས་ཀྱིས།  དགེ་འདུན་པ་དམ་ཆོས་ཚུལ་ཁྲིམས་ལགས་ཀྱི་གཟུགས་གཞིའི་བདེ་ཐང་དང་།  ཁོང་དགོན་པར་ཆོས་ཞུགས་བྱེད་ཆོག་མིན་སོགས་ད་ལྟ་གསལ་ཆ་མེད་ཚུལ་འགྲེལ་བརྗོད་ གནང་བྱུང་། ཕྱི་ལོ་༢༠༡༢ལོའི་ཟླ་༢་པའི་ཚེས་༡༧འི་ཉིན། བོང་སྟག་དགོན་པའི་དགེ་བསྐོས་ཟུར་བ་དང་། དཔེ་ཁྲིད་དགེ་རྒན་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེ་རུ་བསྲེགས་ནས་གྲོངས་ རྗེས། སྐྱ་སེར༢༠ལྷག་འཛིན་བཟུང་བྱས་པའི་ཁྲོད་ནས་ལོ་༡༠ཡི་ཁྲིམས་ཆད་ཕོག་པའི་དགེ་བཤེས་མཁས་གྲུབ་རྒྱ་མཚོ་དང་། ལོ་དགུའི་ཁྲིམས་ཆད་ཕོག་པའི་སངས་རྒྱས་རྒྱ་མཚོ་སྤུན་མཆེད་གཉིས་དང་། ཡང་ལོ་༨ཀྱི་ཁྲིམས་ཆད་ཕོག་པའི་སྐལ་བཟང་བྱང་སེམས་བཅས་ད་ལྟ་ད་དུང་རྒྱ་གཞུང་གི་བཙོན་འོག་ན་ཡོད་འདུག...
དེ་ལས་མང་པ།
སྙན་ངག -0 Minutes

ཚོར་བ་འཁྲིགས་པའི་སྐབས་སུ། བོད།

ཁྲི་སེམས་དཔའ། ཞོགས་པ་ནས་ས་སྲོད་བར་དུ། རང་ལ་མི་དབང་བའི་སེམས་པ་འདི། རླུང་གིས་བུས་པའི་རྐྱལ་བ་བཞིན། ཡང་ཡང་སྦོས་ཤིང་ཡང་ཡང་ཞུ། གནམ་གཤིས་ཀྱི་དྲོ་གྲང་ཙམ་ནི་ཕྱི་རུ་བཀག་ཅིང་ཆོག ཡང་ན་ནང་དུ་བསུས་ཀྱང་ཆོག ཚོར་བ་འཁྲིགས་པའི་དུས་སྐབས་འདི་འདྲ་ལ། སྟོན་ལོ་ལྟར་ལྗོན་རྩེ་ནས་བྲུལ་བ་དེ། ལུས་པོ་བདག་གིར་འཛིན་པའི་བསམ་གཞིག་གི་ཁ་དོག་ཡིན། ཚོར་བ་ཚོར་བ་ཟེར་བ་དེ། ལྷོག་ལྷོག་ཏུ་གདུ་བའི་ནང་སེམས་ཀྱི་འགྱུ་བག་རྒོད་པོ་དེ་ཡིན་ཆོག་ལ། ཁུ་སིམ་གྱི་ཀློང་དུ་ཁུ་སིམ་དུ་ལུས་པའི་སྟོང་འདང་རིང་མོ་དེ་ཡིན་ཀྱང་ཆོག བདེ་ལ་དགོད་ཐབས་བྲལ་བའི་སྙིང་ཆུང་གི་འཕར་ལྡིང་འདི། ཞགས་པས་ཟིན་ཐབས་བྲལ་བའི་རྟ་མཆོག་བཞིན། རྟོགས་བཏགས་ཀྱི་ཞིང་ཁམས་སུ་བང་གིས་རྒྱུག ཚོར་བ་འཁྲིགས་པའི་སྐབས་སུ། རྨི་ལམ་འཇམ་པོ་ཞིག་ལ་སེམས་པ་གླན་པའི་རེ་བ་ཕྲན་བུ་ཡང་། སྐད་ཅིག་ཙམ་ཡང་མི་སྡོད་བར་མེད་འཁྲིགས་པའི་ཚོར་བས་དབང་དུ་སྡུད་པས། མཐོང་ལམ་གྱི་ཡོད་ཚད་དེ་འདྲའི་དོན་སྙིང་གིས་སྟོང་ཞིང་། དེ་འདྲའི་དོན་སྙིང་གིས་སྟོང་བའི་ཁྲོད་ནས་ཁོ་བོའི་མིག་ལ་བཙངས་འོངས། ཨ་ཁ་ཁ། ཚོར་བ་འཁྲིགས་པའི་སྐབས་སུ། ངའི་འཇིག་རྟེན་གྱི་ཉི་འོད་སྣོག་མཁན་དེ་སུ་ཞིག་ཡིན་ནམ། སྤྲིན་པའི་འཕྱོ་འཇགས་ནི་རང་བྱུང་གི་སྣང་བ་རེད། ཁ་ཆར་འཇོ་བ་ཡང་གནམ་རྒན་མའི་རྩེད་མཚར་རེད། ཡིན་ཀྱང་། ཡིན་ཀྱང་། ཚོར་བ་འདི། སྤྲིན་བཞིན་འཇགས་དུས། ཚོར་བ་འདི། ཆར་བཞིན་འགྲམས་དུས། སྣང་བའི་རྒྱལ་ཁམས་ཉུལ་བའི་ན་ཚོད་ལ་སེར་ཤ་བབས་ཤིང་། དྲན་པ་མག་མོག་གི་གསེང་དུ་བརྐོས་པའི་རྐང་རྗེས་ཐར་ཐོར་དེ་ཚོ་ཡང་།...
དེ་ལས་མང་པ།
ངེད། ནང་ཆོས། -0 Minutes

རྗེ་བློ་བཟང་གྲགས་པའི་བློ་སྦྱོང་སྙན་ངག་སྒྲ་རྒྱན།

༄༅།།རྗེ་བློ་བཟང་གྲགས་པའི་བློ་སྦྱོང་སྙན་ངག་སྒྲ་རྒྱན་བཞུགས་སོ།། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ལོ།། རྒྱལ་ཁམས་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། རྒྱལ་སྲས་རྣམས་ཀྱི་སྙན་ངག་སྒྲ་རྒྱན་དང་།། རྒྱལ་བའི་གསུང་རབ་ཆོས་ཀྱི་དགའ་སྟོན་བྱ།།...
དེ་ལས་མང་པ།
བཀའ་སློབ། -0 Minutes

འཕགས་བོད་ཀྱི་འབྲེལ་བ་དང། གཉིས་ཕན་གྱི་བདེ་སྐྱིད།

 འཕགས་བོད་ཀྱི་འབྲེལ་བ་དང། གཉིས་ཕན་གྱི་བདེ་སྐྱིད། དེ་ནས་རྒྱ་གར་ཡུལ་མི་ཚོར་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཡིན། མི་བྱེ་བྲག་པ་མི་རེ་ངོ་རེའི་ཆ་ནས་བོད་མིར་མཐོང་ཆུང་ཁྱད་གསོད་བྱེད་མཁན་ངེས་པར་ཡོང་གི་རེད་དེ། རྩ་བ་ནི་ང་ཚོ་རྒྱ་གར་འཕགས་པའི་ཡུལ་ཞེས་འབོད་པ་ལྟར། བོད་མི་དགེ་ཕྲུག་དང༌། རྒྱ་གར་ང་ཚོའི་དགེ་རྒན་ལྟ་བུ་ཡིན། བསམ་བློ་བཏང་ན། རྒྱ་གར་འཕགས་པའི་ཡུལ་དུ་བཅོམ་ལྡན་འདས་བྱུང་མེད་ན། ང་ཚོའི་བོད་ད་དུང་མུན་པའི་གླིང་དུ་སྡོད་ཀྱི་རེད། ང་ཚོ་མགོ་བཏེགས་བཏེགས་འདི་བྱེད་མི་ཐུབ། དེ་བཞིན་རྒྱ་གར་རང་དབང་གི་ཡུལ་འདི་བོད་དང་ལོ་སྟོང་ཕྲག་རིང་གི་འབྲེལ་བ་ཡོད་པའི་ཉེར་ལེན་གྱིས་ང་ཚོ་བཙན་བྱོལ་བར་གྱར་ཏེ་མི་ཡུལ་དུ་སླེབས་པའི་ཚེ་ཁྱིམ་མཚེས་རྒྱལ་ཁབ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་གྱིས་ང་ཚོར་བདག་སྤྲོད་དང༌། གཅེས་སྐྱོང་བྱེད་པ་འདི་དག་བཀའ་དྲིན་ཆེན་པོ་རེད། བོད་མི་ཚང་མས་མིས་ཚུར་བྱེད་སྟངས་བཟང་ངན་ལ་མ་ལྟོས་པར་ང་རང་ཚོའི་ཕར་བྱེད་སྟངས་ཀྱི་ཐད་ལ། བོད་མི་ཚོ་ཚུལ་མཐུན་སྙོམ་ཆུང་ལེགས་པོ་འདུག་ཟེར་རྒྱུའི་མཐོང་ཚུལ་ཡོད་པ་ཞིག་ངེས་པར་དགོས་ཀྱི་རེད། དེས་ཕྱོགས་གཅིག་ནས་འཕྲལ་སེལ་ལའང་དགོས་པ་ཡོད་ཅིང༌། ཕུགས་རྒྱང་རིང་པོའི་ཆ་ནས་ཀྱང་དགོས་པ་ཆེན་པོ་ཡོད། ཚང་མས་ཤེས་གསལ་ལྟར། ངས་གནས་ཚུལ་ཕྲན་བུ་བརྗོད་ན། ང་ཚོ་བོད་ཀྱི་བདེ་སྐྱིད་དང༌། རྒྱ་གར་གྱི་བདེ་སྐྱིད་གཉིས་མགོ་མཇིང་སྦྲེལ་ནས་བསྡད་ཡོད། རྒྱ་གར་འདི་ལོ་ཉིས་བརྒྱ་ལྷག་གི་རིང་དབྱིན་ཇིའི་མི་སེར་སྤེལ་ཡུལ་འོག་ཏུ་ཚུད་ནས་སྟོབས་ཤུགས་ཆེན་པོ་རྒྱས་མ་ཐུབ་པ་དང་ ༡༩༤༧ ལོ་གཞི་ནས་རང་བཙན་བྱུང་སྟེ་ཡུན་རིང་མ་སོང་བའི་མུར་ ༡༩༤༩ ནས་ ༥༠ བོད་དུ་རྐྱེན་ངན་བྱུང་ནས་བོད་ཕུང་པ་རེད། དེ་དག་གཙོ་ཆེ་ཤོས་བོད་པ་རང་གིས་ལན་ཡོད་ཀྱང༌། རྒྱ་གར་དཔུང་སྟོབས་ཞན་པའི་རྐྱེན་གྱིས་ཀྱང་ཉེར་ལེན་བྱས་ཡོད་པ་རེད། བོད་ལ་ ༡༩༤༡ ནས་བཟུང་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་ནས་ད་ལྟའི་ཆར་རྒྱ་གར་ལ་ཡང་འདི་འདྲའི་ཉེན་ཁ་ཆེན་པོ་ཆགས་ཡོད། རྒྱ་གར་གྱི་འབྲས་ཞིང་ཚོའི་ནང་དཀའ་སྡུག་ཆེན་པོ་སྤྱད།...
དེ་ལས་མང་པ།
བཀའ་སློབ། -0 Minutes

པན་ཆེན་རིན་པོ་ཆེའི་རིག་གནས་སློབ་གསོའི་སྐོར།

རིག་གནས་སློབ་གསོ་དང་རིག་གཞུང་གོང་འཕེལ་ཐད། བོད་ལྗོངས་ནི་མི་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་ལ།བོད་ཀྱི་སྐད་ཡིག་ངེས་པར་དུ་གཙོ་བོར་སྦྱོང་དགོས་པ་དང་། དེ་བཞིན་དུ་རྒྱའི་སྐད་ཡིག་སྦྱངས་ཏེ། བོད་མི་རྣམས་ཀྱིས་ཐད་ཀར་རྒྱ་ཡིག་ཐོག་ནས་གསར་བརྗེའི་གཞུང་ལུགས་སོགས་ཡིག་ཆ་མང་པོ་ལྟ་ཀློག་དང་སློབ་བྱེད་བདེའི་ཆེད། བོད་རྒྱ་ཕན་ཚུན་ཕྱོགས་གཉིས་པོས་སྐད་ཡིག་ཐོག་ནས་གོ་ཤེས་མི་ཐུབ་པའི་དཀའ་ངལ་སེལ་རྒྱུ་ནི་གལ་ཆེན་པོ་རེད། ད་ལྟ་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཀྱང་དེ་ལྟར་བྱེད་བཞིན་ཡོད། འོན་ཀྱང་ཀྲུང་དབྱང་ནས་ས་གནས་བར་གྱི་སློབ་གྲྭ་ཁག་དང་། ལས་ཁུངས། རྩོམ་བསྒྱུར་སྡེ་ཚན་ནང་རང་ཉིད་མཁས་རློམས་ཀྱིས་ང་ཚོའི་བོད་ཡིག་ལ་གང་བྱུང་དུ་ལེགས་ཉེས་དབྱེ་ཁུལ་གྱིས། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་ག ཡར་ཏེ། བོད་ཡིག་སྐད་ཡིག་ཞན་གྲས་ཡིན་པ་དང་། བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱིན་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བ་ནི་དོན་དངོས་ཡིན་ཀྱང་། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་འདང་ངེས་ཀྱི་ཐ་སྙད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་། རྗེས་སུའང་མཐོང་དཀོན་པ་ཞིག་རེད། དེའི་ཕྱིར་ཚང་མས་སོ་སོའི་སྐད་ཡིག་མཆོག་འཛིན་གྱི་ཁེངས་སེམས་དོར་ནས། སྐད་ཡིག་གཞན་ལ་དཔྱད་ཞིབ་དང་ལེགས་ཆ་བསྡུས་ཏེ་རང་ཉིད་ཀྱི་སྐད་ཡིག་འཕེལརྒྱས་བཏང་ཐོག་དེ་འཐུས་ཚང་ཕན་ནུས་ལྡན་པ་ཞིག་དང་། དགོས་མཁོ་སྐོང་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ནི་དོན་དམ་དུ་བྱེད་དགོས་ངེས་ཤིག་རེད། གལ་སྲིད་མིང་ཚིག་གིས་མི་འདང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་ནི་མི་རིགས་རང་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་ཀྱང་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ཆུ་ཚད་དམའ་དྲགས་པས་ཚིག་དོན་བརྡ་སྤྲོད་དང་གོ་བདེ་དོན་ཟབ་ཡོང་དཀའ་བ་བཅས་ཚང་མ་བོད་ཡིག་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང་།བོད་ལྗོངས་བཅིངས་གྲོལ་བཏང་རྗེས་དང་ལྷག་པར་དུ་ཕྱི་ལོ་ ༡༩༥༨ ལོར་ནས་བཟུང་། ཏང་གི་ཐུགས་ཁུར་འོག རིག་གནས་སློབ་གསོ་འཕེལ་རྒྱས་ཧ་ཅང་ཆེན་པོར་ཕྱིན་པ་དང་། ཡིག་རྨོངས་ཀྱི་ཞྭ་མོ་ཕུད་དེ། སྟབས་བདེའི་ཕྲིན་ཡིག་སོགས་འབྲི་ཀློག་ཐུབ་མཁན་སྔོན་ལས་ལྡབ་འཕར་གྱིས་མང་དུ་སོང་ཡོད་པ་དང་། བོད་ཡིག་ཤེས་མཁན་ཆེས་ཆེར་འཕར་སྣོན་སོང་ཡོད་པར་མ་ཟད། མང་ཚོགས་ཀྱི་རིག་གནས་འཚོ་བའི་ནང་དུའང་དོན་སྙིང་ལྡན་པའི་ནུས་པ་ཞིག་འདོན་གྱིན་ཡོད། འདི་ནི་ཚང་མས་དགའ་མོས་བྱེད་འོས་པའི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད། འོན་ཀྱང་བོད་ཡིག་སློབ་ཁྲིད་བྱེད་ཐབས་འཐུས་ཚང་མེད་པས།...
དེ་ལས་མང་པ།
གསར་འགྱུར། -0 Minutes

གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གཏན་འབེབས།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ནས་ ༢༣ བར་ཉིན་གསུམ་རིང་འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ་བསྐོངས་ཚོགས་གནང་ཡོད། ཚོགས་འདུའི་ནང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞི་རྩ་འཛིན་གྱི་འབྲུ་དོན་ལྟར། ཕྱི་ལོ་ ༢༠༡༣ ཟླ་༥ ཚེས་ ༨ ལ་གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་བསྐྱར་ཞིབ་བྱས་པ་གཞིར་བཟུང་། བོད་ཁྱིམ་དང་ཤེས་རིག་གཉིས་ཀྱི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་གཏན་འབེབས་བྱས་འཕྲོས་འཛིན་གྲྭ་བཞི་པའི་ཨང་རྩིས་ཀྱི་སློབ་ཚན་ཁག་གཅིག་དང་། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་རྩོམ་སྒྲིག་དང་བསྐྱར་ཞིབ་གཏན་འབེབས་ ཟིན་པའི་ཨང་རྩིས་སློབ་དེབ་དང་པོ་གཉིས་ལ་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབས་གནང་གི་ཡོད་འདུག ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་དང། འབྲེལ་ཡོད་འགན་འཁུར་བ། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་བའི་བསྐྱར་ཞིབ་ཚོགས་མི་རྣམ་པ་དང་། བོད་ཕྲུག་ཁྱིམ་སྡེ་ནས་བསྐོ་བཞག་གནང་བའི་ཚོགས་མི་རྣམ་པ། ཨང་རྩིས་རྩོམ་སྒྲིག་པ་བཅས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་འདི་བཞིན་གཞི་རིམ་སློབ་གྲྭའི་སློབ་དེབ་རྩོམ་སྒྱུར་གྱི་ལས་གཞི་ཤེས་རིག་ལས་ཁུངས་ནས་ཡོངས་སུ་རྩིས་ལེན་གནང་རྗེས་ཀྱི་ཐེངས་དང་པོ་དེ་ཡིན་འདུག འཆར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་སློབ་དུས་ནས་འཛིན་རིམ་དང་པོའི་ཨང་རྩིས་སློབ་དེབ་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་གནང་རྒྱུ་དང་། འཛིན་གྲྭ་གསུམ་པ་ནས་ལྔ་པ་བར་གྱི་ཨང་རྩིས་སློབ་དེབ་རྣམས་རིམ་བཞིན་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་སྟེ། ཕྱི་ལོ་ ༢༠༡༦ ལོར་དེ་དག་ལག་བསྟར་གནང་རྒྱུ་ཡིན་འདུག་པ་བཅས།། ཡོང་ཁུངས་བོད་གཞུང་དྲ་བ།...
དེ་ལས་མང་པ།