རྒྱུན་མཁོའི་ཡོ་བྱེད་ཀྱི་སྐོར།                              ལན།

༣༢   ཤིང་གི་ལུས་ཅན།                

བྱ་ཡི་གཤོག་པ་ཅན།                                        མདའ།

ལྕགས་ཀྱི་མཆུ་ཏོ་ཅན།

༣༣    ཕྱི་མཁར་མོ་ཡག་གི་མཁར་ནང་ན།།        

གསར་སེར་པོ་འདྲ་བའི་མཚོ་ནང་ན།།               མཆོད་མེ།

ཤིང་དམར་པོ་སྐྱེས་ཡག་ཁྲི་ལ་བཞུགས།

༣༤   སོག་པའི་ཁ་མཆུ་ལྕགས་རེད།               

ཕོ་བའི་ནང་རྫོང་རྩྭ་རེད།                                   མེ་ཆ།

སྙིང་ཁྲ་རིལ་རྡོ་རེད།

༣༥  སྐྱ་མི་བརྒྱ་ལ་རྒྱུ་མ་གཅིག                           ཕྲེང་བ།

༣༦  དབྱར་ཟླ་གསུམ་ལ་མཚམས་ལ་བསྡད།     སྦྲའི་ལྕགས་ཕུར།

དགུན་ཟླ་གསུམ་ལ་གྲུབ་རྟགས་བསྟན།

༣༧   ཡ་མཁལ་ཤིང་མགལ།           

མ་མགལ་ལྕགས་མགལ།

རྒྱལ་མཚན་གློ་ཁ།                                              ཟངས་ང།

ཕོ་རོག་འདུར་ཁ།

༣༨   འབྲི་གཅིག་ཐག་པ་བརྒྱ་ཡིས་བཏགས།            སྦྲ།

༣༩   རྟ་དཀར་པོ་ཐིག་ལེ་སྟོང་ཅན།                      དཔེ་ཆ།

༤༠  ཤིང་གི་རྟ་བོ་དྲུག་ཞེང་ཅན།                  བོའུ་དང་དང་མདེའུ།

ལྕགས་ཀྱི་སྒ་ཆ་ལྷུ་མང་ཅན།

ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན།

༤༡  གློ་བ་དྲན་པ་སྐེ་ལ་བཏགས།                         རྒྱ་མ།

མགོ་ལུས་མེད་པར་མིག་གིས་ཁེངས།

༤༢  ཁ་ཆེ་ཀླད་འབུར་ཀོ་བའི་རལ་བ་ཅན།         སྦུབ་ཆ།

ཁ་རེ་གདངས་ན་ནམ་མཁའ་འུར་གྱིས་གང་།

༤༣   རི་གསུམ་མགོ་ན་བྱ་ཞིག                   སྒྱེད་པུ་སྟེང་གི་ཟངས་ང།

ཡི་དྭགས་མང་པོས་མཐའ་བསྐོར།

༤༤   རྐང་གཅིག་ལག་གཉིས་ཤིང་གི་སྡེར་མོ་ཅན།    རྟ་སྒྲོག

རླུང་གི་མགྱོགས་པ་སྤུན་གསུམ་དམ་ལ་བཏགས།

༤༥   ཤོང་དོ་ལོ་ཞིག་གི་མགོ་ན།                 

བྱ་ཀ་ལ་པིང་ཀ་ཞིག་གིས།                                  མ་ཎི་ལག་འཁོར།

ཚེ་འདི་ཕྱི་གཉིས་ཀའི་དོན་སྒྲུབ།

༤༦   བྲག་དམར་ཐེམ་ཁ་བཅོ་ལྔ་ན།                  སྦྲ་ཐོག་གི་ཆ་རུ།

བྱེའུ་བཅོ་ལྕ་རྡང་ལ་བསྒྲིགས།

༤༧   ལྕགས་རིའི་དབུས་སུ་རྒྱ་མཚོ་གཡས་སུ་འཁྱིལ།

ལྕགས་རིའི་སྟེང་ནས་བྱུ་རུའི་སྡོང་བོ་སྐྱེས།               མཆོད་མེ།

དེ་ཡི་མགོ་ལ་གསེར་བྱ་སེར་པོ་བབས།

བྱ་དེ་ཡིས་གླིང་བཞིའི་མུན་པ་སེལ།

༤༨  བདེ་ནི་བདེ།  ཨོང་ཤ་ཚ།                      མེ་ཐོག་གི་ཟངས་དེམ།

༤༩   སྐད་ལ་མ་བརྒྱབ་སྐད་ཡག་མ།                      དྲིལ་བུ།

སྐེ་རགས་མ་བཅིངས་གཟུགས་ཡག་མ།

༥༠  རྐང་ལག་མེད་པའི་མ་མོ་སྐེ་རིང་མ།                 ཟངས་དེམ།

༥༡   མི་གཅིག་གིས་སྐེ་རགས་བརྒྱ་བཅིངས།             དར་ལྕོག

༥༢   མཛོ་མོ་སྔོན་མོ་འགྲམ་ཡས་མ།                         ཟོར་བ།

ལུང་པ་དགུ་ཡི་རྩྭ་གཟན་མ།

༥༣   ཕོ་རྒོད་པོ་ཀོ་བའི་རྣ་ལུང་ཅན།                     ལྕགས་ཕུར།

༥༤  ཤིང་དང་ཀོ་གཉིས་གཉེན་སྒྲིག་བྱས།                   རྒྱ་མ།

ལྕགས་ཀྱི་མགྲོན་པོ་སྣེ་ལེན་བྱས།

༥༥   རྒྱ་ནས་ཡོང་བའི་རྒྱ་ནག་ཕོ་མོ་གཉིས།           དངུལ་སྒོར།

རྐང་ལག་མེད་ལ་རྒྱལ་ཁམས་ཀུན་ལ་ཉུལ།

༥༦   ཕ་ལྕེབས་འདུག  བུ་སྡོམ་སོང་།                           ཟ།

༥༧   ལྟ་བ་ཚང་གི་རྩིབ་ཕྱོགས་ན།                  

ཉན་པ་ཚང་གི་སྒོ་ལམ་ན།                                        རྣ་རྒྱན།

བྱ་རྒོད་བྱུ་རུའི་དཔུང་བ་ཅན།

༥༨   རྒྱ་ནག་ཡུལ་གྱི་གོས་གོན་མ།                            བུམ་པ།

རྒྱ་མཚོའི་སྟེང་གི་ཆུ་འཐུང་མ།

རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ།

༥༩  ཆུ་ཁ་ནས་འཐུང་སྟེ་ཁ་ནས་སྐྱུག                     ལྕགས་སྨྱུག

༦༠  ཟ་མ་ཁ་ནས་ཟོས་ན།                               ཤིང་བཟོའི་གཞར་ཐོ།

རྟུག་པ་གཙུགས་ནས་གཏོང་།

༦༡  འགྲོ་དུས་ཟུར་གྱིས་འགྲོ།

     འདུག་དུས་ལེབ་ཀྱིས་འདུག                               གཏུབ་གྲི

༦༢  རྐང་ལག་མེད་པའི་བྱི་ལི་གོ་ཆོད།                      འུར་ཆ།

༦༣   ཕར་ལ་ལྟོགས་ནས་སོང་།                                 ཟོ་བ།

ཚུར་ལ་རྒྱགས་ནས་ཡོང་།

༦༤   ཕྱི་མགར་བས་བརྡུངས་འདྲ།             

ནང་རྒྱ་མཚོ་འཁྱིལ་འདྲ།                                         མཆོད་མེ།

ཁ་ཉི་མ་ཤར་འདྲ།

༦༥   བཟུང་ན་སྤར་མོ་གང་།                                  སྒྲོན་མེ།

བཏང་ན་ཁང་བ་གང་།

༦༦   སྡོང་བུ་གཅིག་ལ་ཁུང་བུ་བརྒྱད།                       གླིང་བུ།

<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>>ལས་བདམས་བཀོད་བྱས།  ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading