September ༨, ༢༠༡༤

གསལ་སྒྲགས། ངེད་ཀྱི་སྐོར། དྲ་བདག -0 Minutes

འོད་དཀར་དྲ་ཚིགས་ཀྱི་སྤྱི་བསྒྲགས།

       འོད་དཀར་དྲ་ཚིགས་ནི་ཕྱི་ལོ་ ༢༠༠༨ ལོའི་ཟླ་མཇུག་ཞིག་ནས་འགོ་བརྩམས་པའི་བཙན་བྱོལ་ཁྲོད་ཀྱི་སྒེར་གཉེར་དྲ་ཚིགས་སྔ་ཤོས་ཤིག་ཆགས་ཡོད།  འདས་པའི་ལོ་ཟླ་འདི་དག་གི་ནང་བཙན་བྱོལ་འཚོ་བའི་འཕོ་འགྱུར་དང་མཉམ་དུ་ངེད་དྲ་ཚིགས་ལ་ཡང་དཀའ་ཚེགས་མི་ཉུང་པ་ཞིག་བྱུང་སོང་པ་ནི་ཁོར་ཡུག་ཞིག་གི་རང་ཆོས་ཀྱི་གྲུབ་དོན་ལྟར་རེད།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

འབྲོག་མོ་དྲན་ཚུལ།

རྡེའུ་དཀར་པོ། སྨག་ནག་ལྷིང་འཇགས་ཤིག་ལ།། གཤིས་འཇམ་སེམས་རྩ་དཀར་པའི།། འབྲོག་མོ་དྭངས་མ་ཞིག་ལ།། སེམས་ཀྱི་རྟེན་ས་བཅོལ་ཡོད།། སྦྲ་ནག་གྲུ་བཞིའི་ནང་གི། ཆར་བ་ཟམ་ཟིམ་འོག་ནས།། རིམ་ཁ་དྲོན་མོ་ཅན་གི། ཨ་ཅེ་འབྲོག་མོ་བྲིས་ཡོད།། རྫ་ཁའི་ལུག་རྫི་བུ་མོ།། རྫ་འདབས་གང་ནས་ཐུག་ན།། བསིལ་འཇམ་རླུང་བུའི་འོག་གི། བརྩེ་བ་དྲོན་མོ་མ་བརྗེད།། ལུག་རྫི་ཟོག་རྫི་གཉིས་ཀྱི།། གད་འོག་རྩེད་རའི་ནང་གི། ཁྱོ་ཤུག་གཉིས་ཀྱི་གཏམ་རྒྱུད།། དམར་རྗེན་དེ་ཡང་མ་བརྗེད།། འབར་རྡེའི་ཁང་ཁྱིམ་དེ་ནས།། ས་རྡོའི་སྡེར་ཁ་དེ་ཡིས།། མགྲོན་པོ་འཛུམ་གྱིས་བསུ་བའི།། ཁྱེད་ཀྱི་ཞལ་རིས་བརྗེད་མེད།། བཅུ་དྲུག་ལང་ཚོར་སྨིན་པའི།། མཁུར་ཚོ་དམར་བའི་འབྲོག་མོ།། ལུག་ཆུང་རྗེས་ཀྱི་མེ་ཏོག། ཡ་ཆུང་སེམས་ལ་ཐིམ་སོང་།། གནམ་ཟླ་འཁྱག་དུས་ཤིག་ལ།། སྨག་རྩ་རུབ་པའི་མཚན་མོར།། སྦྲ་འདབས་འོག་གི་གསང་བ།། ད་དུང་སེམས་ལ་སྦས་ཡོད།། མི་འདོད་ལས་དབང་ཞིག་གིས།། གྱེས་བྲལ་ཐོག་རྒོད་ནག་པོ།། བུ་ཆུང་ཕྱོགས་ལ་ལྷུང་བས།། རྒྱང་ལ་བཞུད་དགོས་བྱུང་སོང་།། རྒྱ་མཚོའི་ཕ་རོལ་ཚུལ་རོལ།།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

མིའི་རིགས་ལ་གྱོད་དང་ཁ་མཆུ་འཛུགས་པ།

ལྷ་ཆབ་སྦྱིན་པ། མི་ཚོགས་ནི་སྒྲིག་གཞི་སྲུང་མཁས་པའི་གྲོག་མ་དང་མི་འདྲ ལྟོ་གོས་ཙམ་འཚོལ་བའི་ཕྱིར་དུ  བྱ་རྒོད་དེ་དག་ནང་བཞིན རང་རང་གི་ཀུན་སྤྱོད་དང་རང་གཤིས་ཀྱང་འདོར་བར་བྱའོ   མིའི་རིགས་ཀྱི་ཕྲག་པ་དོག་ཅིང་མིག་མདངས་སེར་ལ ཐ་ན་ཁྱི་དང་འབུ་སྲིན་ལས་ཀྱང་ཉེས་ཏེ སེམས་ལྡན་གྱི་ཚེ་སྲོག་འཕྲོག་ནས་འཇིམ་སྐུ་ལ་མཆོད་དོ ཅི་འདྲའི་ཡ་ང་ཞིང་འཇིགས་ཡེར་བ་ཞིག་རེད་ཨང   ཐབས་དང་ཤེས་རབ་མངའ་བའི་ཆོ་ལོ་ཞིག་འཁུར་ནས ཅི་འདོད་གང་འདོད་ཅིག་བྱས་པའི་མཐའ་མར ད་དུང་དམྱལ་བ་དང་དམྱལ་བའི་སྡུག་བསྔལ་གླེང་གིན ལས་འབྲས་ཀྱི་ཐིག་ཤིང་སྟེང་བགྲོད་པར་བྱེད མི་ནི་དངོས་གནས་ཁྱད་མཚར་བའི་སྲོག་ཆགས་ཤིག་རེད་དོ   འཇིག་རྟེན་གྱི་བདག་པོ  མུ་མཐའ་མེད་པའི་རྒྱ་མཚོ་ཡི་བདག་པོ ཐ་ན་མཚོ་དང་མཚེའུ  བྲག་རི་དང་ནགས་ཚལ་གྱི་བདག་པོ་ནི སེམས་ལྡན་ཡོད་དོ་ཅོག་ཡིན་ནའང  མི་དང་མིའི་རིགས་ཀྱིས ཧམ་བཟུང་བྱས་པའི་ལོ་རྒྱུས་འདི་སུ་ཡིས་བཀླགས་མྱོང   བསམ་ཞིང་བསམ་ན་ཅི་འདྲའི་ངལ་དུབ་ཀྱིས་གདུང་ཨང                ...
དེ་ལས་མང་པ།
འབོལ་རྩོམ། རྩོམ་ཡིག -0 Minutes

ངའི་སེམས་པའི་སྟེང་ནས་ན་ཟུག་ལངས་གི

གཟུངས་འདུས་སྐྱིད།  གླེང་གཞི། སེམས་སྟེང་གི་ན་ཟུག་དམར་པོ་ནི སྤྱན་རས་གཟིགས་ཀྱི་གསུང་ཆོས་ར་བ་དང འཇིག་རྟེན་སྟེང་གི་ཡུལ་གྲུ་རེ་རེར་ཞབས་ཀྱིས་བཀྱགས་ནས ངེས་པ་དོན་གྱི་ལྷ་སྲས་གཅིག་པུར གཞི་བདག་འཁོར་ན་འཁྲུངས་པ་དྲན་དུས དགུང་གྲངས་དོ་བདུན་གདུང་བས་འཁྱེར་ཏེ སྡུག་གི་མིག་ཆུ་སེམས་ལ་ལྷུང་ཐལ། ༸རྒྱལ་བའི་གསུང་ཆོས་དང་ངའི་སྙིང་གི་ན་ཟུག          ཨ་མས་བཤད་ན། ང་ཆུང་དུས་སུ་ཆོས་སེམས་ཆེ་ཞིང་དད་པ་ཡོད་པའི་བུ་མོ་ཡ་རབས་ཤིག་ཡིན། གཅིག་བྱས་ན་ཕ་དམ་པའི་ཤན་ཤུགས་ཐེབས་ཡོད་ནའང་ཐང་གསུངས་མྱོང།  གང་ལྟར་ངས་ཤེས་དུས་སུ་ང་ད་དུང་ཡི་གེ་དྲུག་མའི་དབྱངས་རྟ་དང་མཉམ་དུ་བླ་མ་གང་ཞིག་གི་གསུང་ཆོས་ལ་བྲེལ་བཞིན་ནར་སོན་པ་བདེན་པ་ཡིན། ཡིན་ནའང་། དུས་དེ་རིང་མི་ཡུལ་འདི་ནས་ངའི་བསམ་བློ་གཉོམ་ལག་རྒྱས་ནས་ཁོག་ལ་གདོན་ཞུགས་པ་རེད་དམ། ཡང་ན་ངས་རང་གི་རྩ་བའི་བླ་མ། གངས་རིའི་མགོན་པོ་གང་ཉིད་མཆོག་ལ་དུང་ཞེན་དང་དད་སེམས་མེད་པས་རེད་དམ། ༼༸རྒྱལ་བའི་གསུང་ཆོས་༽ ཞེས་པའི་ཆོས་བརྡ་ཞིག་མིག་གི་རིག་དུས་ངས་རང་ཉིད་ལ་ཚོད་འཛིན་མི་ཐུབ་པར་ཡང་མ་རུང་བ་སུ་ཞིག་གིས་གསུང་ཆོས་ཞུས་པ་རེད། ཚོད་ཚོད་ལ་ཞེ་སྡང་རེ་སྐྱེས་ཡོང་བ་མ་ཟད་རང་ཉིད་ཁོམ་པ་ཡོད་ནའང་མ་སོང་བར་གང་ཉིད་ལ་སྐུ་ངལ་གསོ་བའི་དུས་ཚོད་ཅིག་རག་སོང་ན་འགྲིག་སོང་བའི་སྣང་བ་ཞིག་འཁོར་གི    མཚམས་རེ་ཁྱེད་ཚོས་སྐུ་ཚེགས་ལ་གཏད་ན་ང་རང་གཅིག་པུ་མ་སོང་རུང་ཕན་ཐོགས་ཀྱི་མ་རེད་བསམ་ནས་ཞེ་སྡང་གིས་གཙུག་ལག་ཁང་གི་སྒོ་ཐེམ་འགྲིམས་པ་དང་ཡང་ལན་རེ་མགོན་པོ་ཁོང་གི་དབུ་སྐྲའི་ཁ་མདོག་དང་དཔྲལ་བའི་རྒས་གཉེར་དག་མཐོང་དུས་སེམས་པས་མ་བཟོད་པར། ཞེ་འཁོན་གྱིས་ཕྱིར་ནང་ལ་ལོག་པའང་ཐེངས་གཅིག་ག་ལ་ཡིན། དེ་མིན་ཁ་བའི་ལྷ་སྲས། གངས་རིའི་མགོན་པོ། གང་ཉིད་ལ་དད་པ་དང་ཡིད་ཆེས་ཀྱིས་ཆོས་འབྲེལ་འཇོག་མི་འདོད་མཁན་གྱི་བོད་མི་ཞིག་ཡོད་སྲིད་དམ། གང་ལྟར་ང་ཚོས་བརྒྱ་བཟུང་ནས་བརྒྱད་གཏོང་རྒྱུ་གལ་ཆེ་ཡིན་པ་ཤེས་ཀི  ངའི་རིགས་མཐུན་ཚོ། ངེས་པ་དོན་གྱི་ཆོས་པ་ཚོར་ངས་དེ་རིང་བཤད་འདོད་པ་ནི། གསུང་ཆོས་ཞུ་རྒྱུ་ཙམ་མིན་པར་ལག་ལེན་གྱི་སྟེང་དང་གནད་འགག་གི་སྣེ་ནས་མགོན་པོ་གང་ལ་སེམས་ཀྱིས་བཀུར་ནས་ནང་སེམས་བཟང་བོ་ཞིག་དང་ཕྱིའི་སྤྱོད་པ་ལེགས་པོ་ཞིག་བྱེད་པ་ཡིན་ན།...
དེ་ལས་མང་པ།
བྱིས་པའི་ཤེས་བྱ། -0 Minutes

སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག གསུམ་པ།

སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག                                                    ལན། ༤༩   དམར་ཆེན་གཏོར་མ་དུང་གི་འདབ་མ་ཅན།        ...
དེ་ལས་མང་པ།