September ༢༣, ༢༠༡༤

སྣ་ཚོགས། -0 Minutes

སང་ཉིན་ཟས་རིན་སྤྲོད་མི་དགོས། ཕ་བུ།

ཕ་བུ།      མོན་གྷོ་གཞིས་ཆགས་གསུམ་པའི་རྒད་པོ་ཤེས་རབ་ཀྱིས་ངྷ་སར་ལས་བྱེད་ཡིན་པའི་རང་གི་བུ་རྣམ་རྒྱལ་ལ་འཕྲིན་ཡིག་གཅིག་བཏང་སྟེ་དེའི་ནང་དོན་གཙོ་བོ། ད་ཆ་པ་ཕ་ལོ་ན་རྒས་པས་ལས་ཀ་བྱེད་ཐུབ་མིན་ལ་སོང་འཚོ་བའི་ཐད་ཁག་ཙམ་འདུག་ན་བུ་ཁྱེད་ཀྱིས་པ་ཕར་དངུལ་སྒོར་ཆིག་སྟོང་ཙམ་ཞིག་མྱུར་དུ་བསྐུར་ཐབས་བྱེད་རོགས་ཞེས་བྲིས་ཡོད། དེ་ནས་ཡུན་རིང་མ་སོང་བར་བུའི་ཡིག་ལན་འབྱོར་བས། པ་ལགས་དགའ་ཐག་ཆོད་དེ་མགྱོགས་པོ་ཀློག་སྐབས། ཡིག་ལན་དེའི་ནང་། “བར་ལམ་ཡུན་རིང་མ་མཇལ་བར་ལ་པ་ལགས་སྐུ་གཟུགས་གསལ་ཐང་ཡིན་ངེས་ལགས་ན་བུ་ང་དགའ་སྤྲོ་ཤིན་ཏུ་ཆེ། འདི་གར་བུ་ང་རང་ཡང་སྔར་བཞིན་བདེ་གནས་ཡིན་པས་ཐུགས་གཡེངས་མི་དགོས་པའི་གནས་ལ་འཚམས་ཞུ། དེ་ནས་པ་ལགས་ཀྱི་ཕྱག་དངུལ་བསྐུར་ཤོག་གསུངས་པའི་གནས་བྲིས་དེ་བུ་ང་ལ་འབྱོར་མ་བྱུང་”ཞེས་བྲིས་ཡོད་པ་རེད། སང་ཉིན་ཟས་རིན་སྤྲོད་མི་དགོས།        ཟ་ཁང་ཞིག་གི་སྒོ་འགྲམ་དུ། “སང་ཉིན་ཟས་རིན་སྤྲོད་མི་དགོས།” ཞེས་བྲིས་ཡོད་པ་དེ་བསམ་གྲུབ་དར་རྒྱས་ཀྱིས་མཐོང་བ་དང་ལམ་སེང་དེའི་དགོང་མོ་གང་སར་རྒྱུག་ཕྱིན་ཏེ། རང་གི་ངོ་ཤེས་པ་དང་གྲོགས་པོ་ཚང་མར་སང་ཉིན་ཞལ་ལག་ལ་ཕེབས་རོགས་སྦྱིན་བདག་ང་རང་ཡིན་ཞེས་ལན་སྤྲད། སང་ཉིན་དེར་ཁོ་པས་ཚང་མ་ཟ་ཁང་དེའི་ནང་འཁྲིད་ནས་ཁ་ལག་རྒྱགས་ཚད་མངགས་ཏེ་སྤྲད། ཚང་མས་དགའ་སྤྲོའི་ངང་ནས་ཞལ་ལག་བཟས་ཚར་བ་དང་། “བསམ་གྲུབ་དར་རྒྱས་ལགས་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།”ཞེས་ལོག་ཕྱིན། བསམ་གྲུབ་དར་རྒྱས་ཀྱིས་སྤྱང་མདོག་ཁ་པོའི་ཐོག་ནས་མི་ཚང་མར་ངོ་གསོ་བཏང་སྟེ་རང་ཉིད་ཚང་མའི་རྗེས་སུ་ཟས་རིན་མ་སྤྲད་པར་འགྲོ་རྩིས་བྱེད་སྐབས། ཟ་ཁང་བདག་པོས། “ཞལ་ལག་གི་རིན་པར་ཁྱོན་བསྡོམས་ཆིག་སྟོང་ལྔ་བརྒྱ་ཏག་ཏག་རི་སོང་”ཞེས་འཛིན་སྤྲོད་སྐབས་ཁོ་པས། “འོ་ཛི་་་ཁྱེད་ཚོས་སང་ཉིན་ཟས་རིན་སྤྲོད་མི་དགོས་ཅེས་བྲིས་འདུག་ག”ལབ་པར། ཟ་ཁང་བདག་པོ་དེས་ “ཁྱེད་ཚོས་དེ་རིང་བཟས་སོང་ང་། སང་ཉིན་ནི་སང་ཉིན་མ་རེད་པས། ཡིད་མ་ཆེས་ན་གཟིགས་དང་ཡི་གེ་ད་ལྟའང་བཞག་ཡོད།”ལབ་པར་ཁོས་ལྟ་བར་འགྲོ་སྐབས་ཡི་གེ་དེ་ནི་དེ་རིང་ཡང་སྦྱར་ཡོད་པ་མཐོང་སྐབས་འགྱོད་པ་ཆེ་ཡང་རྩིས་མི་རྒྱག་ཀ་མེད་ཆགས་པ་རེད། ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།...
དེ་ལས་མང་པ།
གསར་འགྱུར། -0 Minutes

ལོ་ན་བཅུ་མན་ཆོད་ཀྱི་བོད་པའི་རྐང་སྤོལ་འགྲན་སྡུར།

ལོ་ན་བཅུ་མན་ཆོད་ཀྱི་བོད་པའི་རྐང་སྤོལ་འགྲན་སྡུར། ཟླ་བ་འདིའི་ཚེས་༢༠ ནས་ཉིན་གཉིས་རིང་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་དྷ་སའི་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་བཞིའི་བར་ལོ་བཅུ་མན་ཆོད་ཀྱི་སློབ་མའི་རྐང་སྤོལ་འགྲན་སྡུར་ཞིག་བྱས་ཏེ། འཛམ་གླིང་བཞི་བདེ་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད། འགྲན་སྡུར་དེ་ནི་མེག་གྷན་ཕ་མའི་ཚོགས་ཆུང་དང་“རྩེད་ཐང་སྒང་ལ་”ཞེས་པའི་དང་བླངས་རྩེད་མོའི་ཚོགས་ཆུང་གི་གོ་སྒྲིག་བྱས་ཡོད་པ་དང་། འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་དྷ་སྟེང་བོད་ཁྱིམ་དང་། གྷོ་པལ་པུར་བོད་ཁྱིམ། མེས་དབོན་དཔེ་སྟོན་སློབ་གྲྭ་དང་། མེག་གྷན་ཉིན་མོའི་སློབ་གྲྭའི་འཛིན་རིམ་ལྔ་པ་མན་ཆོད་ཀྱི་སློབ་ཕྲུག་ཡིན་འདུག ཉིན་དང་པོའི་རྩེད་འགྲན་མཛད་སྒོའི་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བོད་མི་རིགས་ཆེད་རང་སྲོག་བློས་གཏོང་མཁན་རྣམས་ཀྱི་ཆེད་ངག་གཅད་སྐར་མ་གཅིག་རིང་མྱ་ནང་བྱས་པ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས། སྤྱིར་གཏང་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ལ་སློབ་སྦྱོང་སྤྲད་དགོས་པ་དེ་གལ་ཆེན་པོ་ཡིན་ནའང་། དེའི་མཉམ་དུ་སློབ་ཕྲུག་ཚོར་རྩེད་མོ་སློབ་དགོས་པ་དེའང་གལ་ཆེན་པོ་རེད་ཅེས་གསུང་བཤད་གནང་གསུངས་སོང་། ཉིན་གཉིས་རིང་སློབ་གྲྭ་བཞི་པོའི་བུའི་རུ་ཁག་དང་བུ་མོའི་རུ་གཉིས་རྐང་སྤོལ་འགྲན་སྡུར་བྱས་ཏེ། བུ་དང་བུ་མོ་གཉིས་ཀའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོའི་བྱ་དགའ་གྷོ་པལ་པུར་བོད་ཁྱིམ་ལ་ཐོབ་པ་དང་། བུ་དང་བུ་མོའི་གཉིས་ཀའི་ཨང་གཉིས་པའི་བྱ་དགའ་མེག་གྷན་ཉིན་མོའི་སློབ་གྲྭར་ཐོབ་ཡོད་པ་རེད།། བུའི་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་མ་ཞི་བ་དང་། བུ་མོའི་རྩེད་འགྲན་པ་རྩེ་ཕུད་ཀྱི་བྱ་དགའ་དེ་གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་ཡིས་ཤེས་མཚོ་རྒྱལ་ལ་ཐོབ་ཡོད་པ་རེད། བུ་དང་བུ་མོའི་རྐང་སྤོལ་འགྲན་སྡུར་གྱི་ཨང་དང་པོར་ཧིན་སྒོར་༤༠༠༠ རེ་དང་། ཨང་གཉིས་པར་ཧིན་སྒོར་༢༠༠༠ རེ་སུད་སི་ནས་ཡིན་པའི་ པི་ཡ་ ཨ་མན་(Pia Amman) གྱི་སྦྱིན་བདག་བྱས་ཡོད་པ་རེད།། ཡོང་ཁུངས་བོད་ཀྱི་བང་ཆེན།...
དེ་ལས་མང་པ།
བཀའ་སློབ། -0 Minutes

རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བཀའ་སློབ།

   ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་ཁུལ་དེར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་མི་སྣ་ཁག་གཅིག་ལ་༼འཛམ་གླིང་གཅིག་དང་། འཆར་སྣང་གཅིག མ་འོངས་གཅིག་༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གྲུབ་མཚམས་ཚོགས་བཅར་བ་ཞིག་གིས་འཛམ་གླིང་གི་རྒྱལ་ཁབ་གཅིག་ལུང་འདྲེན་གནང་སྟེ། ཁོང་རང་སྒེར་ངོས་ནས་བོད་ལ་རང་དབང་འཐོབ་རྒྱུའི་རེ་བ་ཡོད་སྐོར་ཞུས་པ་དང་ཆབས་ཅིག་གནད་དོན་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་འབུལ་ལམ་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན། སྤྱིར་བཏང་ཆབ་སྲིད་ཐོག་ནས་རང་བཙན་ཞེས་པ་འདི་ནི་བསམ་བློ་ཡག་པོ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད། ངོས་རང་ལ་ཆ་མཚོན་ན། སེ་ཁོ་ཊ་ལན་ཌེ་ (Scotland) མི་དམངས་ཀྱིས་མང་མོས་འོས་བསྡུའི་ཐག་གཅོད་ཀྱི་གནས་ཚུལ་ཐོས་སྐབས་ཧ་ཅང་དགའ་པོ་བྱུང། ང་ཚོ་བོད་མིའི་ནང་དུ་ཡང་ཁག་གཅིག་གིས་དངོས་ཡོད་གནས་སྟངས་ལ་བསམ་བློ་མ་བཏང་བར་རང་བཙན་ཞེས་ཚོར་བའི་ཐོག་ནས་གླེང་སློང་བྱེད་མཁན་ཡོང་གི་འདུག དེ་བཞིན་རྒྱ་གར་ནང་སྐད་ཡིག་དང་རིག་གཞུང་འདྲ་མིན་གྱི་མི་རིགས་མཉམ་གནས་བྱེད་བཞིན་ཡོད། དེར་བརྟེན་ཐོབ་ཐང་འདྲ་མཉམ་དང་ཁྲིམས་ལུགས་དབང་བསྒྱུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་བོད་མིའི་ངོས་ནས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་བཞིན་ཡོད། སྤྱིར་བཏང་བོད་འདི་ཕྱི་དངོས་པོ་ཡར་རྒྱས་ཐོག་ནས་རྗེས་ལུས་ཐེབས་ཡོད། འོན་ཀྱང་ཆོས་ཕྱོགས་ཀྱི་ཆ་ནས་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད། ངོས་ཀྱིས་དོན་དངོས་ཀྱི་སྐད་ཆ་བཤད་ན། བོད་མི་མང་དག་ཅིག་ཁྲིམས་འགལ་ཐོག་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ནང་འགྲོ་དང་འགྲོ་བཞིན་ཡོད། དེ་དག་ནི་ཆོས་དོན་གཉེར་སླད་དུ་མིན་པར་མང་ཆེ་བ་དཔལ་འབྱོར་ཁོ་ནའི་ཆེད་དུ་རེད། དེར་བརྟེན་ངོས་ཀྱིས་བོད་མི་རྣམ་པར་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་དཔལ་འབྱོར་གྱི་རོགས་རམ་ཞུས་ན་ཁེ་ཕན་ཆེ་བ་ཡོད། དེ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཆེད་དོན་དམ་གྱི་ང་ཚོ་བོད་མིར་རང་དབང་སྤྲོད་དགོས། ཞེས་བརྗོད་ཀྱི་ཡོད། ལྷག་པར་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་མི་འདྲ་བར་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕ་རན་སིའི་ནང་རྒྱ་ནག་གི་རིག་གཞུང་སྲུང་སྐྱོབ་ཡོང་སླད་ནང་ཆོས་གནད་འགག་ཆགས་ཡོད་སྐོར་གསུངས་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཉིན་འདིར་རྒྱ་གར་གྱི་དེ་སྔའི་སྲིད་བློན་མན་མོ་ཧན་སིངྒ་ (Dr....
དེ་ལས་མང་པ།