September ༡༧, ༢༠༡༤

གསར་འགྱུར། -0 Minutes

ནོ་བེལ་གཟེངས་རྟགས་བཞེས་མཁན་བཅུ་བཞིས་རེ་འདུན།

      ༄༅། །ཉེ་ཆར་འཛམ་གླིང་ནང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཆེས་མཐོའི་མི་སྣ་བཅུ་བཞིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཇེ་ཀོབ་ཛུ་མ་ (Jacob Zuma ) མཆོག་ལ་ཐུན་མོང་གི་མཚན་རྟགས་བཀོད་པའི་ཞུ་ཡིག་ཤིག་ཕུལ་བའི་ནང་བོད་ཀྱི་ ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་རེ་འདུན་བཏོན་འདུག           དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ནས་ ༡༥ བར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལཀ་ (F.W.de Klerk )དམ་པ་དེ་ཉིད་ཀྱི་ཐེབས་རྩ་ཁང་གིས་གོ་སྒྲིག་འོག ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊོན་(Cape Town) ནང་འཛམ་གླིང་ནང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆེས་མཐོའི་མི་སྣའི་ལྷན་ཚོགས་ཐེངས་ ༡༤ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུས་ཡོད་ཀྱང་། རྒྱལ་ཁབ་དེའི་གཞུང་ངོས་ནས་མགོན་པོ་གང་ཉིད་མཆོག་ལ་མཐོང་མཆན་འབུལ་ལམ་ཞུས་མེད་པར་བརྟེན། གནད་དོན་འདིའི་ཐད་འཛམ་གླིང་ནང་གི་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་ཆེས་མཐོའི་མི་སྣ་བཅུ་བཞི་ཐུན་མོང་གིས་མཚན་རྟགས་བཀོད་པའི་ཞུ་ཡིག་ཅིག་ཉེ་ཆར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཇེ་ཀོབ་ཛུ་མ་མཆོག་ལ་ཕུལ་ཏེ། རྒྱལ་ཁབ་འདིའི་ངོས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་རེ་འདུན་བཏོན་འདུག་པ་མ་ཟད།  ...
དེ་ལས་མང་པ།
སྣ་ཚོགས། -0 Minutes

གཅིག་མ་རྩ་བྱེད་ཡག་གཞག་རོགས། འོ་བྱེད་པ།

     ལུང་པ་ཞིག་གི་ནང་ཕོ་མོ་ཕན་ཚུན་གཉེན་སྒྲིག་བྱེད་སྐབས། དེའི་མཚན་མོར་བཟའ་ཚང་གསར་པ་དེ་གཉིས་ཕན་ཚུན་སྐད་ཆ་གཅིག་ཀྱང་བཤད་མི་ཆོག་པའི་གོམས་སྲོལ་ཡ་མཚན་ཅན་ཞིག་ཆགས་ཡོད་པས། ཉིན་གཅིག་ཕོ་གསར་ཞིག་གཉེན་སྒྲིག་བྱེད་སྐབས་ཁོ་པའི་གྲོགས་པོས། “དེ་རིང་དགོང་མོ་ཡིན་ན་ཁྱེད་ཀྱིས་མནའ་མར་བསྟན་བཤིག་བསླངས་ཏེ་ཚུར་ལ་སྐད་ཆ་ཤོད་ཐུབ་པ་བྱས་ན། ཚིག་རྐང་རེ་ལ་ངས་དཀའ་ལས་བརྒྱབ་ནས་གསོས་པའི་ཕག་ཕྲུག་རེ་འབུལ་ཆོག” ཅེས་ལབ་པར་ཕོ་གསར་དེ་དགའ་ཐག་ཆོད་ནས། “ཡོང་ང་་་་ཁྱེད་རང་སྒེའུ་ཁུང་འོག་ཏུ་ཡག་པོ་ཉོན་ཨ་”ཞེས་ལབ་ནས་སོང་། དེའི་མཚན་མོར་ཁོ་པས་རྐང་བཙུགས་ནས་ཉལ་གོས་རྣམས་ཕྲེད་ལ་གཡོགས་ཏེ་མནའ་མར། “ཨ་ཙི་ཉལ་ཆས་འདི་ཞེང་ཆེ་ནའང་ཐུང་དྲགས་འདུག” ལབ་པར་མནའ་མ་གད་མོ་འཆོར་བཞིན་སྣང་མེད་ཐོག “དེ་ནི་ཁྱེད་ཀྱིས་ཉལ་ཆས་ཕྲེད་ལ་གཡོགས་ཙང་བྱས་པ་རེད།” ཅེས་ལབ་པར་ཁོ་པ་དགའ་ཐག་ཆོད་ནས། “ཡག་བྱུང་ཕག་ཕྲུག་གཅིག་བྱས་ཨ།” ཞེས་ལབ་པར་མནའ་མས་ཡ་མཚན་ཆེན་པོའི་ཐོག་ནས་ “ག་རེ་གཅིག་”ཅེས་དྲིས་པར། ཁོ་པ་དེ་བས་དགའ་སྤྲོ་ཆེ་བའི་ཐོག་ནས། “ཕག་ཕྲུག་གཉིས་བྱས་ཨ།” ལབ་པར་མནའ་མས་སླར་ཡང་། “ག་རེ་ཕག་ཕྲུག་གཉིས་”ཞེས་དྲིས་པར། ཁོ་པ་དེ་བས་དགའ་སྣང་ཆེ་བ་དང་སྦྲགས། “ཕག་ཕྲུག་གསུམ་བྱས་ཨ།” ཞེས་ལབ་པར་སྒེའུ་ཁུང་འོག་ན་ཡོད་པའི་ཁོ་པའི་གྲོགས་པོར་དངངས་སྐྲག་སྐྱེས་ནས། “མནའ་མ་ད་སྐད་ཆ་ཤོད་མཚམས་ཞོག་མ་གཏོགས་ང་ལ་ཕག་ཕྲུག་བཞི་ལས་མེད། གཅིག་མ་རྩ་བྱེད་ཡག་ལ་གཞག་རོགས་བྱོས།” ཅེས་སྐད་རང་དབང་མེད་པ་རྒྱག་དགོས་ཆགས་པ་རེད། འོ་བྱེད་པ། བུ་ཆུང་ཡོན་ཏན་གྱི་ཨ་མས་བྲེལ་འཚུབ་ངང་ནས། “བུ་་་་དེ་རིང་པ་ལགས་ཀྱི་ཞལ་ལ་ཉན་པོ་བྱས་ནས་སྡོད་ཨ།“ཞེས་ཁ་གཅིག་བརྐྱལ་ནས་ལས་ཀར་འགྲོ་རྩིས་བྱེད་སྐབས། བུས། “ཨ་མ་ལགས། ཨ་མ་ལགས། ཁྱེད་རང་གིས་ང་ལ་བྱམས་སྐྱོང་གནང་གི་མི་འདུག...
དེ་ལས་མང་པ།