October ༡, ༢༠༡༤

གསར་འགྱུར། -0 Minutes

ནོ་ཝེ་ཞི་བདེའི་ལྷན་ཚོགས་ཕྱིར་བསྡུ་བྱ་དགོས་བྱུང་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ Ms. Jody Williamsམཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Ms. Shirin Ebadi མཆོག དེ་བཞིན་ནོ་བེལ་བུད་མེད་ལས་འགུལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་ལི་ཛི་བྷ་རན་ སི་ཊིན་ Liz Bernstein ལགས། སྐུ་མགྲོན། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཐོག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ལྕམ་སྐུ་ཇོ་ཌོ་ཝིལ་ཡེམ་སི་མཆོག་གིས་གསུང་བཤད་གནང་དོན། འཛམ་གླིང་ནང་གི་དབུ་ཁྲིད་ཁྱད་དུ་འཕགས་པ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུས་ང་ཚོར་མགྲོན་འབོད་མཛད་སྐབས་ང་ཚོས་མོས་མཐུན་མ་བྱས་པར་སྡོད་ཐབས་བྲལ། ང་རང་ས་གནས་འདིར་བཅར་ཐེངས་གསུམ་པ་ཆགས་ཡོད། ངས་ལྷོ་ཨ་ཕི་རི་ཀའི་ནང་ནོ་བེལ་ཞི་བདེའི་ལྷན་ཚོགས་འཚོགས་འཆར་ཡོད་པའི་གནད་དོན་དང་འབྲེལ་ནས་གོང་དུ་ཕྲན་གྱི་རོགས་པ་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་གིས་གསུངས་པ་དེའི་ཐོག་ཕྲན་བུས་རྒྱས་སྤྲོད་ཞུ་རྒྱུ་ཡིན། ལྷོ་ཨ་ཕི་རི་ཀའི་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ད་ཐེངས་མཐོང་མཆན་འབུལ་ལམ་མ་ཞུས་པ་འདི་ཐེངས་གསུམ་པ་ཆགས་ཡོད། ལྷོ་ཨ་ཕི་རི་ཀའི་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཆབ་སྲིད་དང་རྩ་བ་ནས་འབྲེལ་བ་མེད་པའི་ལྷན་ཚོགས་སུའང་ཆིབས་སྒྱུར་བསྐྱང་རྒྱུའི་མཐོང་མཆན་འབུལ་ལམ་ཞུ་གི་མེད། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཌི་ཀ་ལག་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག དེ་བཞིན་ཀེབ་ཊའོན་ (Capetown)...
དེ་ལས་མང་པ།
གསར་འགྱུར། -0 Minutes

ཤེར་བསྟན་ལ་རྟེན་འབྲེལ་ཞུ།

    སྔོན་མ་ཞིག་ལ་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ཡིས་བླངས་པའི་༼རི་དྭགས་སྐྱོ་གླུས༽མདོ་ཁམས་ཕྱོགས་ཀྱི་མང་ཚོགས་གང་མང་ཞིག་གི་སེམས་སུ་བརྗེད་མི་སྲིད་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། དེའི་རྗེས་སུ་གངས་ལྗོངས་གླུ་བ་རྡོ་རེས་ཀྱིས༼ཡ་རུའི་ཨ་བསོད༽ཐོན་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་གང་མང་ཞིག་གི་སེམས་སུ་ཡང་བསྐྱར་བརྗེད་མི་ཐུབ་པའི་དྲན་ཐོ་ཞིག་བཀོད་ཡོད། དེ་དང་ལྷན་དུ་གླུ་བ་ཚུལ་ཁྲིམས་ཀྱིས་ཀྱང༼ཡི་དྭགས་སྐེ་རིང་༽བླངས་ཏེ་མང་ཚོགས་ལ་དམངས་ཁྲོད་གླུ་གཞས་ཀྱི་ནུས་པ་འདོན་སྤེལ་བྱས་མྱོང་བ་མ་ཟད། བོད་མི་རྒན་དར་གཞོན་གསུམ་མང་པོ་ཞིག་གི་སེམས་ངོར་བག་ཆགས་ཟབ་མོ་བཞག་མྱོང་ཡོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བར་ལམ་ཞིག་ཏུ་བོད་ཀྱི་གླུ་བ་གླུ་མ་མང་པོ་ཞིག་གིས་྄྄དེང་རབས་གླུ་གཞས་ཀྱི་ལམ་ཁ་གཙོ་བོར་བཟུང་ནས་དེའི་ཕྱོགས་སུ་བརྩོན་ལེན་ཤུགས་ཆེན་བྱས་པས་བོད་ཀྱི་སྲོལ་རྒྱུན་མགུར་གླུའི་ཉམས་འགྱུར་དང་དབྱངས་རྟ་སོགས་མང་པོ་ཞིག་ཉམས་དམས་སུ་འགྲོ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཡིན་ཡང་དེང་གི་ཆར་བོད་ཀྱི་གཞོན་སྐྱེས་གླུ་བ་གྲགས་ཅན་གཉན་པོ་གཡུ་རྩེའི་བུ་རྒྱུད་ཤེར་བསྟན་གྱིས་ཡང་བསྐྱར་བོད་ཀྱི་སྲོལ་རྒྱུན་མགུར་མའི་ལུགས་ལྟར་བླངས་པའི༼གཉན་པོ་གཡུ་རྩེའི་སྐད་སྐུར༽དངོས་སུ་བོད་ཀྱི་སྤྱི་ཚོགས་སུ་ཐོན་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་དང་བསྔགས་བརྗོད་ཞུ། ངེད་དྲ་ཚིགས།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

རྨི་ལམ་མང་བའི་མཚན་མོ།

སྨྱུག་མདའ། སྐྱོ་བ་རླུང་ལ་བསྐུར་ཡོད་རྣ་ལོང་གསེར་སྐུད།། ཚིག་ཤེད་དད་པ་བརྒྱུས་སོང་མེ་ཏོག་ཚལ་དེར།།   དམར་མདངས་དེ་ཙམ་འཁྱིལ་བ་འཇིག་རྟེན་མདུད་པ།། ལག་རྡང་ཉི་མས་སྦྲེལ་པས་དུས་ཚོད་བདའ་འོ།།   འཇག་མས་ཤུགས་གླུ་གྱེར་བ་སྲང་བར་འཁྱམས་འདུག། མཆི་མ་ཁོག་ཏུ་མིད་པ་ང་ཡི་སྐྲ་ཚོགས།།   སྐྱ་རེངས་དཀར་བོའི་ངོགས་ན་འཛུམ་ཆུང་ལྟེམས་སེ།། སྨག་རུམ་ཕ་མཐའ་ཆས་པ་དཀར་ནག་མང་ངོ་།།   ཞོགས་པ་བསྐྱོར་བའི་སྐད་ཆ་གཙུག་རིམ་ཡོད་བཞག། མྱགས་པའི་རི་བོ་བྲིས་ཏེ་རལ་བ་བཙུགས་སམ།།   ཕོར་བ་མར་ཁུས་བཀང་བ་ངར་ཞིག་བསླངས་ཡོད། དགའ་སྐྱོ་འདྲེས་མའི་དུང་བ་རྨི་ལམ་འཁོར་འོང་།།   ཚེ་ཡི་འདོམ་པ་སྔུན་ན་བསྔོ་ཡིག་སྒྲིག་འདུག། མིག་ཟུང་བཙུམས་པ་སྐྲག་སོང་གཤེད་པོ་འདི་ཀོ།   རྣམ་ཤེས་རུམ་ལ་མི་འཇུག་ཐབས་ཤིག་ཡོད་ན།། སྒེག་མའི་ཟུར་ལང་གན་དུ་རང་སར་གྲོལ་ཆོག།   སྙན་ངག་དམར་པོ་བཏུང་ན་རྩ་ལམ་སྦྲིད་དེ།། དུག་གི་རྣམ་གྲངས་འགའ་ཡང་ཉེ་རུ་བཅར་བ།།   དོ་ནུབ་ཡི་གེ་དག་ཀྱང་མུན་པར་ཟུག་སོང་།། ཚིག་བཅད་དུམ་བུ་འདི་ལ་ཕྱི་ཐུམ་བརྒྱབ་ཡོད།།         ...
དེ་ལས་མང་པ།
གསར་འགྱུར། -0 Minutes

ཤི་ལོག་སྒྲོལ་མས་དངུལ་གྱི་རྟགས་མ་བླངས།

བོད་པའི་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས་ལྷོ་ཀོ་རི་ཡར་ཚོགས་བཞིན་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་བུད་མེད་ཀྱི་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་ཨང་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་འདུག       གནས་ཚུལ་འབྱོར་གསལ་ལ། ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨིན་ཆེན་(Incheon)ནང་ཟླ་འདིའི་ཚེས་ ༡༩ ནས་ཟླ་རྗེས་མའི་ཚེས་ ༤ བར་ཚོགས་བཞིན་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་(Incheon Asian Games 2014)ཞེས་པའི་སྟེང་། ཕྱི་ཚེས་ ༢༧ ཉིན་སྤྱི་རྒྱ་ ༦༣ ཡོད་པའི་གྱད་རྩལ་འཇུ་རེས་འགྲན་སྡུར་ཁྲོད་བོད་པའི་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས་ཨང་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་འདུག       ཐེངས་འདིར་ཨང་དང་པོ་གསེར་གྱི་རྟགས་མ་ཉི་ཧོང་གི་བུ་མོ་ (Rio Watari) ལ་ཐོབ་ཡོད་པ་དང་། ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་མཁན་གཉིས་བྱུང་ཡོད་པ་ནི་སོག་པོའི་བུ་མོ་ (Sukheegiin Tserenchimed) དང་། རྒྱ་གར་གྱི་བུ་མོ་(Geetika Jakhar) གཉིས་ཡིན་འདུག    ...
དེ་ལས་མང་པ།