October ༨, ༢༠༡༤

རྩོམ་ཡིག སྙན་ངག -0 Minutes

སྣང་བ”བརྟགས་པའི་མགུར།

སྨྱུག་མདའ།  གཏི་མུག་རོལ་དབྱངས་ལ་རྒྱུས་སྐད།། སྣང་བ་འོད་གསལ་ལ་ཞུགས་ཞེས།། འཆར་ནུབ་རེས་མོས་ཀྱི་དོན་འདི།། མི་གསལ་རྨི་ལམ་གྱི་ངོགས་སོ།། ང་ཡི་དམིགས་འདུན་གྱི་རི་མོ།། ཧ་ཅང་དྭངས་གཙང་གིས་བྲིས་ཟིན།། སྒོ་གླེགས་རེ་རེ་བཞིན་རྡུང་ན།། སྒྲ་དབྱངས་སྙན་མོ་ཞིག་དཀྲོལ་ལམ།། མདང་ནུབ་སད་འཕྲོར་གྱི་རྨི་ལམ།། འཆར་ཡན་རྒྱ་མཚོ་ལ་འཐིམ་འདུག། ཁ་ཞེ་གཏིང་འགལ་གྱི་འུར་བ།། ཚིག་འགྲོས་སྤྲིན་པ་དང་འདྲ་འོ།། འཛུམ་དཀར་ལྷུག་ལྷུག་གི་ཞལ་ཁ།། ཚོར་བའི་གཏིང་མཐའ་ན་བཙས་མོད།། གདོད་མའི་བག་ཆགས་ཀྱི་འཇིག་རྟེན།། བདག་ཉིད་ཅིས་ཀྱང་ནས་ཚུད་དོ།། ཞོགས་ཀའི་ཉི་ཟེར་ལ་འགྲོགས་པའི།། རྩལ་ཐོགས་སྨྱུག་ཁྱུ་དེ་སྐྱེལ་འོང་།། ཉིན་འབབ་མཚན་འབབ་ཀྱི་ཁ་བ།། ཡི་གེའི་ཐིག་རྩ་རུ་བཏབ་ཡོད།། རི་བོ་ཧི་མ་ལའི་མགྲོན་པོ།། ཤར་ནུབ་ཕྱོགས་མེད་དུ་ཆས་སོ།། ཡར་ཀླུང་གཙང་བོ་ཡི་གླུ་སྐད།། དྲན་སློང་གདུང་བ་ལས་མི་འདུག། དཀར་ཡོལ་ལག་ཐོགས་ཀྱི་ཨ་མ།། སེམས་རྩར་ལྷང་ལྷང་དུ་མཆིས་སོ།། སྣང་སྲིད་སྒྱུ་མ་ཡི་ཀློང་ནས།། རྒྱང་རིང་འོ་སྐལ་དེ་ཝ་ལེར།། ཕྲག་དོག་གཡབ་མོ་འདིའི་གསེབ་ཏུ།། བརྩེ་བའི་ལག་འཇུ་ཡང་ལྷོད་འགྲོ།། ཚེ་སྲོག་ཤིང་ལོ་བཞིན་འཐོར་དུས།། འགྱོད་པའི་ཤུགས་རིང་ཞིག་མ་འབྱིན།། དུས་ནམ་སྤྲོ་འཛུམ་གྱི་མྱི་ལ།།...
དེ་ལས་མང་པ།
སྣ་ཚོགས། -0 Minutes

ཀླུ་རྡོ་ཁྲ་རིལ།

གངས་གཡག་དཔལ་ལྷུན་གྱིས་བསྡུ་སྒྲིག་བྱས།       ཐེངས་གཅིག་ཨ་སྟོན་ལགས་ཀྱིས་རོང་ཚོ་སྡེ་བའི་སར་ཕྱིན་ཏེ་སྐུ་ངོ་ལགས། སྐུ་ངོ་ལགས། ཆུ་མ་གིའི་དཀྱིལ་ན་ཀླུ་རྡོ་ཁྲ་རིལ་ཟེར་བའི་ནོར་བུ་ཞིག་འདུག་ཅེས་ཟེར་བར། རོང་ཚོ་སྡེ་བས་གང་ན་འདུག་ཅེས་ཨ་སྟོན་ལགས་དང་མཉམ་དུ་ཆུ་ཁ་དེར་གཟིགས་པར་ཕེབས།  ཆུའི་འགྲམ་དུ་སླེབས་དུས་སྔར་ནས་ཨ་སྟོན་ལགས་རང་ཉིད་ཀྱིས་གྲ་སྒྲིག་བྱས་ཏེ་རྡོ་དཀར་གོང་ཞིག་ཆུའི་ནང་བླུགས་ཏེ་བཞག་ཡོད་པ་དེ་རོག་ཚོ་སྡེ་བར་བསྟན་ནས་མ་གིར་འདུག  མ་གིར་འདུག་ཅེས་ཟེར། རོང་ཚོ་སྡེ་བས་དཀར་གོང་དེ་མཐོང་བ་དང་ནོར་བུ་ངོ་མ་འདུག་བསམས་ཏེ་ད་བྱས་ན་ཁྱོད་ཀྱིས་མ་གིའི་ནོར་བུ་དེ་ལོན་ཤོག་ཟེར་བས།  ཨ་སྟོན་ལགས་ཀྱིས་བདག་གིས་ལེན་ན་ཐུབ་ཀྱི་མི་འདུག  སྐུ་ངོ་རང་སྐུ་བྱད་ལེགས་ཤིང་ན་བཟའ་གཙང་བས་ཁྱེད་རང་གིས་ལེན་ན་ཐེབས་ཀྱི་རེད་ཟེར། དེ་ཐོས་པ་དང་རོང་ཚོ་སྡེ་བར་འདོད་རྔམ་རབ་ཏུ་བསྐྱེད་དེ་འོ་ན་ཁྱོད་ཀྱིས་ངའི་གོས་རྣམས་གྱོན་ལ་ནོར་བུ་ལོངས་ཤོག་ཟེར་གྱིན་རང་གི་གོས་རྣམས་ཕུད་དེ་ཨ་སྟོན་ལགས་ལ་སྤྲད།  ཨ་སྟོན་ལགས་ཀྱིས་རོང་ཚོ་སྡེ་བའི་གོས་རྣམས་གྱོན་ཞིང་ཆུའི་གཏིང་ནས་དཀར་རྡོ་བླངས་ཏེ་རོང་ཚོ་སྡེ་བའི་ཕྱོགས་སུ་གཡུགས་ནས་ནོར་བུ་འདི་ན་ཞེས་སྐད་རྒྱབ་པ་དང་།  རང་ཉིད་ཆུའི་ཕར་ངོས་སུ་བསྐྱོད།  རོང་ཚོ་སྡེ་བས་དཀར་གོང་དེར་བལྟ་བཞིན་འདི་ནོར་བུ་རེད་མི་འདུག འདི་དཀར་རྡོ་རེད་འདུག་ཅེས་ཟེར་བར།  ཆུའི་ཕར་ངོས་སུ་སླེབས་པའི་ཨ་སྟོན་ལགས་ཀྱིས་རང་གིས་གྱོན་པའི་གོས་རྣམས་འཕྱར་ཙམ་བྱས་ཏེ་འདི་“བསླུ་རྡོ་”རེད་ཅེས་དང་རོང་ཚོ་སྡེ་བར་མཛུབ་མོ་བཙུགས་ཏེ་དེ་“ཁྲ་རིལ་”རེད་ཟེར་གྱིན་ཐག་རིང་དུ་ཕྱིན་སོང་ངོ། ངེད་དྲ་ཚིགས།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

རི་མཐོའི་རྩེ་ཡི་སྨུག་པ། (བོད)

ཕྲན་མི་སྒེར་གྱིས་བོད་ཀྱི་ལོ་རྒྱུས་ལ་བཟུང་བའི་ལྟ་ཚུལ་གླེང་བ། བན་ཤུལ་དཔལ་མཁར་རྒྱལ། ཨེ་ཤར་དབུས་རྒྱུད་རྟ་ཡི་རྨིག་སྒྲས་བརྫིས།། མཐའ་བཞིའི་རྒྱལ་ཕྲན་དུམ་བུར་རིས་སུ་འཇུག། དབུ་རྨོག་དཀར་བོ་ནམ་མཁའི་མཐའ་དང་མཉམ།། སྤུ་རྒྱལ་བཙན་པོའི་ཞབས་ལ་གུས་པས་འདུད།། སྔོན་གྱི་བྱུང་རབས་ཆར་ཤུལ་འཇའ་བཞིན་ཡལ།། ད་ལྟའི་མི་རབས་རླུང་གི་འགྲོས་བཞིན་འཇིག། བར་མའི་གནས་སྐབས་འདི་ཡི་སྤུ་རྒྱལ་བ།། རི་མཐོའི་རྩེ་ལ་འཁྱིལ་བའི་སྨུག་པ་ཙམ།། མདའ་གཞུའི་རྩེ་མོ་གངྒཱའི་སྟོད་ལ་བཙུགས།། དཔའ་བོའི་ངར་སྐད་ཨན་ཞི་སྡེ་བཞིར་ཁྱབ།། འཁོར་གསུམ་སིལ་སྒྲ་འཛམ་བུའི་ཁྱོན་ན་གཡོ།། ང་ཡི་མེས་པོ་དྲན་ནོ་སྤུ་རྒྱལ་བ།། གན་རྐྱལ་སྲིན་མོའི་སྙིང་གི་ཆུ་མཚོ་སྲུབ།། རྒྱ་གར་རྒན་པོའི་སྡོད་ས་གནམ་ལ་བརྩི།། སྲིད་ཀྱི་དར་ཤིང་འཇིག་པའི་སྔ་ལྟས་སུ།། རྟེན་འབྲེལ་མགོ་ནས་ནོར་རོ་སྤུ་རྒྱལ་བ།། དམར་བོའི་རི་ལ་ཕོ་བྲང་པོ་ཏ་ལ།། མདའ་རྩེ་དམག་དར་གཡོ་བའི་སྲིན་གླིང་ཙམ།། འཇིག་པའི་ཤུལ་ན་ལྷ་ཁང་ཆོས་ཁང་ལ།། སྐྱ་མིན་སེར་མིན་འགའ་ཞིག་སྤུ་རྒྱལ་བ།། མཐའ་བཞིའི་ཡུལ་ལ་རྡོ་རིང་རྣམ་བཞི་བཙུགས།།  རུ་བཞི་གནོན་པའི་ལྷ་ཁང་ཕྱོགས་བཞིར་ཁྱབ།། བཙན་པོའི་བཀའ་མཆིད་བྲག་གི་ངོས་སུ་ཕབ།། ཚུལ་འདི་མཐོང་ནས་ངེས་དགོས་སྤུ་རྒྱལ་བ།། སྟོད་ན་མངའ་རིས་སྐོར་གསུམ་སྟག་མོ་འདྲ།། བར་གྱི་དབུས་གཙང་རུ་བཞི་སེང་གེ་འདྲ།། སྨད་ཀྱི་མདོ་ཁམས་སྒང་དྲུག་དོམ་སྨྱོན་འདྲ།། འདི་ཀོ་སྲིན་དམག་ཡིན་ནོ་སྤུ་རྒྱལ་བ།། བཙན་པོའི་ཁྲབ་ལ་སྤྱི་རྒྱ་བཞི་བཅུ་ཡོད།། དཔའ་བོའི་གྲི་ལ་འདོམ་པ་གང་ཙམ་ཡོད།། འཐབ་པའི་དམག་ལ་མི་ལྡོག་རྟགས་གསུམ་ཡོད།། འདི་ལ་བསམ་ནས་བསྐྱེད་དགོས་སྤུ་རྒྱལ་བ།།...
དེ་ལས་མང་པ།
གསར་འགྱུར། -0 Minutes

རྒྱལ་སྤྱིའི་པེན་ཚོཊ་ཆེན་ཐོག་བོད་དོན་གྲོས་ཆོད།

       ཉེ་སྔོན་ཁིར་གྷི་སི་ཐཱན་གྱི་རྒྱལ་ས་རུ་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༨༠ པའི་ཐོག་བོད་དོན་སྐོར་ལ་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་འདུག དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་དྷ་སར་ཡོད་པའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ། ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་དང་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས། ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས་སོགས་མཉམ་འཛོམས་ཐོག ཉེ་སྔོན་ཁིར་གྷི་སི་ཐྰན་གྱི་རྒྱལ་ས་བྷི་ཤཱི་ཀེག་(Bishkek)ཏུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༨༠ པ་སྐོང་ཚོགས་གནང་བའི་སྐོར་དང་། ཚོགས་ཐོག་ཏུ་བོད་དོན་སྐོར་གྱི་གལ་ཆེའི་གྲོས་ཆོད་དོན་ཚན་གསུམ་འཇོག་ཐུབ་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། ཕྱི་ཟླ་ ༩ ཚེས་ ༢༩ ནས་ཉིན་གྲངས་ ༤ རིང་ཁིར་གྷི་སི་ཐཱན་(Kyrgyzstan)གྱི་རྒྱལ་ས་བྷི་ཤྰི་ཀེག་(Bishkek)ཏུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་(PEN International )ཀྱི་ཚོགས་ཆེན་ཐེངས་ ༨༠ པ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱལ་སྤྱིའི་པེན་གྱི་ཚོགས་གཙོ་སོགས་རྒྱུན་ལས་རྣམ་པ་དང་། ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དབུས་ལས་ཁུངས་ཀྱི་ལས་བྱེད། རྒྱལ་སྤྱིའི་པེན་གྱི་སྡེ་ཚན་ཁག་བཞིའི་འགན་འཛིན་རྣམ་པ། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མ་འདྲ་བའི་རྩོམ་པ་པོའི་མཐུན་ཚོགས་ཁག་ ༨༠ ཡི་སྐུ་ཚབ་རྩོམ་པ་པོ་...
དེ་ལས་མང་པ།