October ༩, ༢༠༡༤

གསར་འགྱུར། -0 Minutes

ཧོང་ཀོང་གཞུང་དང་སློབ་མའི་བར་གྲོས་མོལ་བྱ་རྒྱུ།

ཧོང་ཀོང་གཞུང་ནས་སློབ་མའི་མཐུན་ཚོགས་ཀྱིས་བཏོན་པའི་རྩ་དོན་གསུམ་ལ་མོས་མཐུན་བྱས་ཏེ་སང་ཉིན་གཞུང་མང་གཉིས་ཀྱི་སྐུ་ཚབ་ཀྱིས་གྲོས་མོལ་བྱ་རྒྱུ་ཡིན་འདུག ཧོང་ཀོང་ནང་མི་མང་གིས་ཞི་རྒོལ་བྱས་ཏེ་ཉིན་གྲངས་ ༡༢ འགྲོ་བཞིན་ཡོད་པ་དང་། ཐེངས་འདིའི་ལས་འགུལ་གྱི་སྣེ་ཁྲིད་པ་ཧོང་ཀོང་སློབ་མའི་མཐུན་ཚོགས་ཀྱིས་བཏོན་པའི་རྩ་དོན་གསུམ་ལ་ཧོང་ཀོང་གཞུང་གིས་མོས་མཐུན་བྱས་ཡོད་པ་ལྟར། སང་ཉིན་ཕྱི་ཚེས་ ༡༠ ཉིན་ཧོང་ཀོང་སློབ་མའི་མཐུན་ཚོགས་དང་སྲིད་གཞུང་གི་སྐུ་ཚབ་ཀྱིས་གྲོས་མོལ་བྱ་རྒྱུ་ཡིན་འདུག གྲོས་མོལ་བྱ་རྒྱུར་མོས་མཐུན་བྱུང་རྗེས། ཞི་རྒོལ་ནང་ཞུགས་པའི་སློབ་ཆེན་ ༥ ཡི་གཙོས་སློབ་གྲྭ་ཁག་གི་སློབ་ཁྲིད་བསྐྱར་གསོ་དང་། ལས་ཁུངས་ཁག་གི་ལས་བྱེད་རྣམས་དུས་ལྟར་ལས་ཚོགས་སུ་འགྲོ་བཞིན་ཡོད་ཀྱང་། ཧོང་ཀོང་ཀྲུང་ཝིན་སློབ་ཆེན་གྱི་སློབ་མ་གཙོ་བོར་གྱུར་བའི་ངོ་རྒོལ་བ་མང་པོས་མུ་མཐུད་ལས་འགུལ་སྤེལ་ཏེ། ངོ་<རྒོལ་བའི་བཏོན་པའི་དགོས་འདུན་རྣམས་ལག་བསྟར་མ་བྱས་པར་དུ་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་པའི་འབོད་ཚིག་བསྒྲགས་ཏེ་ངག་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ནང་ལོགས་ཀྱི་ཆབ་སྲིད་པ་དང་དམངས་གཙོ་དོན་གཉེར་བ་མང་པོ་མཉམ་འབྲེལ་གྱིས། ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་མང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་ནག་ནང་གིས། རྒྱ་ནག་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཚོ་ཁག་གི་མགོ་ཁྲིད། དེ་བཞིན་གྲོང་ཁྱེར་དང་ས་ཁུལ་རིམ་པ་ཡན་གྱི་འཐུས་མི་རྣམས་ཐད་ཀར་མི་མང་གིས་འོས་འདེམས་བྱེད་པའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག ཡང་ཁ་སང་ཕྱི་ཚེས་ ༨ ཉིན་རྒྱ་ནག་པེ་ཅིན་དུ་མི་ ༣༠ དང་ཀོང་ཀྲུའུ་རུ་མི་ ༤། ཁྲུང་ཆིན་དུ་མི་ ༢ བཅས་ཉུང་མཐར་དམངས་གཙོ་དོན་གཉེར་བ་ ༣༦ ཙམ་གྱིས།...
དེ་ལས་མང་པ།
གསར་འགྱུར། -0 Minutes

༧གོང་ས་མཆོག་བོད་ལ་ཕེབས་རྒྱུར་རེ་བ་མེད་ལུགས།

བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ལོག་ཕེབས་རྒྱུར་རེ་བ་གང་ཡང་མེད་ལུགས་རྒྱ་ནག་གཞུང་གིས་བརྗོད་འདུག དེ་ཡང་ཉེ་ལམ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུའི་ཐུགས་འདོད་ཡོད་པའི་ཐད། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hong Lei ཡིས་༧གོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་རྒྱུའི་གནད་དོན་ལ་རེ་བ་གང་ཡང་མེད་ལུགས་བརྗོད་པ་དང་། དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཏཱ་ལའི་བླ་མས་དོན་དངོས་བྱེད་དགོས་པ་དེ་བོད་ལ་ཕྱིར་ལོག་ཡོང་རྒྱུའི་སྐད་ཆ་ཤོད་རྒྱུའི་ཚབ་ཏུ་རྒྱ་ནག་ཁ་བྲལ་དུ་གཏོང་རྒྱུའི་ལངས་ཕྱོགས་དང་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པ་རེད། དེ་ལྟར་བྱས་ཚེ་ཁོང་རང་ཉིད་ལ་ཁེ་ཕན་ཐོབ་རྒྱུ་རེད་ཅེས་བཤད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་དུ་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སི་གསར་ལས་ཁང་གི་གསར་འགོད་པའི་བཅར་འདྲིར་བཀའ་ལན་གནང་སྐབས་མགོན་པོ་གང་ཉིད་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཆིབས་རྒྱུར་བསྐྱང་རྒྱུའི་ཐད། རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་ཟུར་པ་ཚུད་པའི་འབྲེལ་ཡོད་དང་གཞུང་འབྲེལ་མིན་པའི་ཐོག་ནས་འབྲེལ་མོལ་གནང་ནས་ ༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུའི་ཐུགས་འདོད་གསལ་འདོན་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ཐུགས་ཉེ་ཁག་ཅིག་གིས་ཀྱང་དེའི་ཐོག་དོན་གཉེར་གནང་བཞིན་ཡོད་པ་དང་། ཡང་དངོས་སུ་གནས་མཇལ་ཕེབས་ཐུབ་མིན་ཐད། ད་ལྟའི་ཆར་མཐའ་མའི་ཐག་གཅོད་གང་ཡང་བྱུང་མེད་ལུགས་བཀའ་ལན་བསྩལ་ཡོད་པ་རེད། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉེན་ཚབས་ཆེ་བའི་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་གྱི་སྐྱོན་འཛུགས་ཡང་ཡང་བྱེད་བཞིན་ཡོད་རུང་མགོན་པོ་གང་ཉིད་ཀྱིས་བོད་ལ་དོན་དམ་པའི་ཚད་མཐོའི་རང་སྐྱོང་གི་གནས་བབ་རྩོད་པའི་ལངས་ཕྱོགས་བརྟན་པོ་བཟུང་གནང་གི་ཡོད་པ་རེད། གསར་འགོད་པ་དོན་གྲུབ་རྣམ་རྒྱལ། ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།...
དེ་ལས་མང་པ།
འབོལ་རྩོམ། རྩོམ་ཡིག -0 Minutes

བུད་མེད་དང་སློབ་གསོ།

ན་བུན་གྱིས་རྒྱ་གར་དུས་བབ་གསར་ཤོག་ལས་སྒྱུར།     སློབ་ལོ་མ་རན་པའི་བྱིས་པའི་སློབ་གསོ་ནི་ཁྱིམ་ཚང་གི་སློབ་གསོ་ནས་འགོ་རྩོམ་དགོས་ཤིང་། ཨ་མ་ནི་བྱིས་པའི་ཆེས་ཐོག་མའི་སྐད་བརྡའི་སློབ་གསོ་སྒྲུབ་པའི་དགེ་རྒན་ཡིན། རང་རེ་རྒྱ་གར་བའི་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན། འུ་ཅག་ལའང་ལྷན་སྐྱེས་ཀྱི་ཤེས་རབ་དང་ལྡན་པའི་མཛངས་མ་མང་དག་ཅིག་བྱོན་དང་འབྱོན་མྱོང་མོད། ལྡོག་སྟེ། དེང་གི་སྐབས་སུ་ཡིག་རྨོངས་ཡིན་པའི་སྐྱེས་མ་བགྲང་གིས་མི་ལང་བའི་དུས་ལ་སླེབས་ཤིང་ཡོད། སྣང་ཚུལ་འདི་རིགས་ནི་བུད་མེད་རང་སེམས་ཀྱི་ཕུགས་འདུན་ངོ་མ་དེ་མ་ཡིན་པར། རང་རེའི་སྤྱི་ཚོགས་ཁོར་ཡུག་འདི་གར་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཐལ་དྲག་འདུག་ན། སྐྱེས་མ་ཚོའི་སློབ་གསོའི་བགོ་སྐལ་མངོན་ལྐོག་གང་རུང་ནས་ཕྲོགས་དང་འཕྲོག་མུས་སུ་མཆི། སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་བཞིན་འཕེལ་བའི་དུས་རབས་འདིར། བུད་མེད་ཅིག་ཡིན་ཕྱིན་ད་དུང་ཡང་སུས་ཀྱང་དང་དོད་མི་བྱེད་ལ། ཁྱིམ་བདག་མང་མང་གིས་ཕྲུ་གུ་བུ་མོ་རང་སྙོར་སྐྱོང་བྱ་འདོད་མེད་པའམ། བརྒྱ་ལ་ཡོད་པའི་དབང་དུ་བཏང་ན་ཡང་། མོ་རྒྱུད་ཕོ་ལས་དམན་པའི་འདུ་ཤེས་ལྟ་ཚུལ་གྱི་ཤན་ཤུགས་ཐེབས་དྲག་པས། བུད་མེད་ཉིད་སློབ་གསོས་སྐྱོང་བ་ལ་སྣང་འཇོག་དེ་ཙམ་མི་བྱེད་པར། དེ་ནི་ཕ་མའི་ཤོག་དངུལ་ཆུད་ཟོས་སུ་བཏང་བར་འདོད། ལ་ལས་བུད་མེད་ཀྱི་སློབ་གསོ་སྦྱོང་བའི་མཐུན་རྐྱེན་སྒྲུབ་མི་འདོད་པའི་རྒྱུ་མཚན་ནི། ཁོ་མོ་ཚོས་གནས་ཡུལ་འགྲིམ་དུས། ཁྱིམ་ཚང་དེ་གའི་རྒྱུ་ནོམ་ཡོད་ཚད་བུ་མོའི་ནོར་སྐལ་དུ་གཏང་དགོས་པ་ལ་ཅིས་ཀྱང་བཟོད་བསྲན་གནང་དགོས་པས་ཡིན་འདུག དེས་ན། སློབ་ཕྲུག་བུ་མོ་ཚོའི་འབྲི་ཀློག་འཆད་གསུམ་གྱི་ཡོན་ཚད་འདོད་བློ་དང་ཚིམས་པ་ཞིག་ཡོང་ཐུབ་མེད་པ་གང་དེས་ཐད་ཀ་ཐད་སོར་རྒྱལ་ཁབ་ཅིག་གི་ཕྱོགས་ཀུན་ནས་ཡར་རྒྱས་དང་། དེའི་མི་འབོར་གྱི་འཕེལ་རིམ་ཐད་ལ་སྒུད་ཤུགས་ཚབས་ཆེན་འཐེབས་ངེས་རེད། གསལ་བོར་བཤད་ན། བུད་མེད་ཀྱི་དཀའ་སྡུག་གང་དེའི་འབྱུང་རྐྱེན་གཙོ་བོ་ནི་སློབ་གསོའི་གནད་ཀར་ཐུག་ཡོད་པ་རེད་བསམས། བུད་མེད་སྤྱི་ལ་འཐུས་ཚང་སློབ་གསོ་ཚད་ལྡན་ཞིག་ཡོང་ཚེ། ཁོར་ཡུག་འདིའི་བྱིས་གསོད་བྱས་ཉེས་དང་རང་ཤི་རྒྱག་པ། ཁྱིམ་ཚང་ནང་ཁུལ་ཕུ་དཀྲུག་མདའ་དཀྲུག་བཟོ་བ། མུ་གེ་ཉམས་ཉེས་འབྱུང་བ། བྱིས་པ་བཙན་ཤེད་ཀྱིས་གཉེན་སྒྲིག་པ་སོགས་དེ་དང་དེ་འདྲ་བའི་བུད་མེད་ཀྱི་ཉེས་སྤྱོད་དང་འབྲེལ་བའི་རྩིང་སྤྱོད་འདི་རིགས་ཡོ་བསྲང་དང་གནད་དོན་ཐག་གཅོད་ཐུབ་པར་སྙམ། མདོར་ན་སློབ་གསོས་ནི་སྤྱི་ཚོགས་ཁོར་ཡུག་གང་དེའི་ཡུལ་སྲོལ་གོམ་གཤིས་དང་། སྲིད་དོན།...
དེ་ལས་མང་པ།
འབོལ་རྩོམ། རྩོམ་ཡིག -0 Minutes

སྐྱུག་བྲོ་བའི་ནད་ཡམས།

སྤྲེལ་ནག་པ།     ཉེ་ཆར་སྐད་འཕྲིན་གྱི་རླུང་རྟ་ཤིན་ཏུ་དར་བཞིན་པའི་སྒང་འདིར།  བོད་པ་ཚང་གི་སྐྱུག་བྲོ་བའི་དོན་དག་ཀྱང་གཅིག་རྗེས་གཉིས་མཐུད་རེད།  སྐད་འཕྲིན་གྱི་ཚོགས་པ་མང་པོ་ཞིག་བཙུགས་ནས་དེའི་ནང་དུ་གསར་འགྱུར་ཡིན་ཁུལ་གྱི་ནད་ཡམས་ཀྱི་བརྙན་ཐུང་མང་པོ་ཞིག་བརྒྱུད་བསྐུར་བྱེད་བཞིན་འདུགདེའི་ཁྲོད་དུ་བླ་སྤྲེལ་ཚོས་བྲོ་གར་འཁྲབ་བཞིན་བཙུན་པ་ཚོའི་ཝུ་ཆུང་འཐུང་གིན་འདུག དེའི་ཁྲོད་དུ་བཟའ་ཚང་གིས་འཁོན་འཛིང་བྱེད་བཞིན་བཟའ་འདྲེ་ཡི་ལོག་གཡེམ།༼འཁྲུག་སྲེད༽སྤྱོད་བཞིན་མཆིས།  སྔོན་གྱི་དུས་ནའང་གནས་ཚུལ་དེ་འདྲ་མེད་པ་ནི་མི་སྲིད་མོད། ད་ལྟའི་བརྡ་འཕྲིན་དུས་ཀྱི་མྱུར་སྟོབས་མེད་པས་ཚང་མས་མ་ཤེས་པ་དང་མ་མཐོང་བ། མ་ཚོར་བ་དང་མ་ཐོས་པ་ལས། སྐྱུག་བྲོ་བའི་བྱ་བ་ནི་དུས་ནམ་ཡིན་ཡང་འབྱུང་གིན་ཡོད། སྤྱིར་དོན་དག་ཅི་ཞིག་ཡིན་ཡང་གཅིག་གིས་ཀུན་གྱིས་ཚབ་བྱེད་མི་ཐུབ་རུང་། གཅིག་འབྱུང་བ་ལས་སྣང་ཚུལ་ཞིག་གི་ཚབ་ཏུ་འགྱུར་ངེས། དེ་བས་འདིར་ཟུར་བསྟན་ལེབ་མཐོང་གི་དཔེ་ལྟར་ད་ལོ་སྐད་འཕྲིན་གྱི་སྟེང་གི་ནད་ཡམས་དེ་དག་ངོ་སྤྲོད་རགས་ཙམ་ཞུ། དང་པོ། བླ་སྤྲུལ་གྱི་ནད་ཡམས།       སྤྱིར་ན་བླ་སྤྲུལ་དག་ནི་བོད་ཀྱི་སྤྱི་ཚོགས་སུ་གོ་གནས་གལ་ཆེན་ཡོད་པ་ནི་ཀུན་གྱི་ཡིད་དབུས་སུ་གསལ་ལེར་ངེས་མོད།   འོན་ཀྱང་དེང་གི་དུས་འདིར་བླ་སྤྲེལ་དངོས་མ་དང་རྫུན་མ་དག་གིས་རང་རང་གི་བྱ་སྤྱོད་ལ་མི་འཛེམ་པར།  རང་རང་གི་གྲུབ་མཐའ་ནི་མི་སྐྱོང་བར། རང་རང་གི་ཆོས་བརྒྱུད་རྣམས་མི་དྲན་པར། སྦྱིན་བདག་ཕྱུག་པོ་རེ་བཙལ་ནས་སྲིད་པའི་ཕུན་ཚོགས་ལ་རེ་ཞིང་ཆགས་ཀྱིན་འདུག འདིར་མིང་གིས་བོས་ནས་མཛུབ་མོ་འཛུག་ས་ནི་བསོད་རྒྱལ་རིན་པོ་ཆེ་ཡིན། ཁ་དཔེ་ལ་བྱ་ཆེན་ལ་མདའ་དང་བླ་ཆེན་ལ་ཁས་མ་རྒྱག་ཟེར་མོད། གནས་ལུགས་དང་འགལ་ན་ཀུན་གྱིས་ཁས་ལེན་མི་སྲིད། ནོར་ན་དྲིན་ཆེན་ཕ་མ་ཡིན་ཡང་ནོར་ནི་རེད། འགྲིག་ན་དགྲ་ནག་པོ་ཡིན་ཡང་འགྲིག་ནི་རེད། ཉེ་ཆར་སྐད་འཕྲིན་ལས་བརྒྱུད་བསྐུར་གནང་བའི་བརྙན་ཐུང་ཞིག་ལས། ཕྱི་གླིང་གི་བུད་མེད་འགའ་དང་མཉམ་དུ་བསོད་རྒྱལ་རིན་པོ་ཆེ་བྲོ་གར་གྱི་ཞིང་ཁམས་ན་བུད་མེད་ཚོའི་གདོང་གི་འཛུམ་མདངས་དང་བྲང་གི་ནུ་འབུར་ལ་ཅེར་བཞིན་མཉམ་དུ་དུ་བྲོ་གར་ལ་རོལ་བཞིན་འདུག  བརྙན་ཐུང་དེ་ཀུན་གྱིས་མཐོང་ཡོད་རྒྱུ་རེད། དེ་ནི་དངོས་ནས་སྐད་འཕྲིན་ཡོད་པའི་ད་སྐབས་མིན་དེ་སྔོན་དུས་མིས་ལབ་པ་ཙམ་ཡིན་ན་ནི་ཡིད་ཆེས་མི་སྲིད་དོ། ། དོན་དེ་བྱུང་བའི་ཕྱི་ཉིན་ནས་བཟུང་ངོ་ཤེས་པ་དག་གིས་བསོད་རྒྱལ་རིན་པོ་ཆེ་ལ་སྡིག་དམོད་དང་ཁ་འཛིང་བྱེད་ཀྱིན་ཡོད་ལ།ངོ་མི་ཤེས་བ་དག་གིས་དེང་གི་བླ་སྤྲུལ་ཚོ་འདི་འདྲ་རེད་ཟེར།...
དེ་ལས་མང་པ།