October ༢༠, ༢༠༡༤

འབོལ་རྩོམ། རྩོམ་ཡིག -0 Minutes

ཆོས་ལུགས་ནི་མིའི་རིགས་ཁོ་ནའི་ནོར་བུ་ཞིག

རྡོ་རྗེ་རིན་ཆེན། བདག་གིས་ཆོས་ལུགས་ལ་ཚན་རིག་གི་ངོས་ནས་རིན་ཐང་ཅི་ཞིག་བདོག་མིན་གཏན་ནས་མི་ཤེས་ལ། ཚན་རིག་གིས་ནམ་དུའང་ཆོས་ལུགས་ལ་དཔང་སྐྱེལ་བྱ་མི་སྲིད། ཆོས་ལུགས་ཀྱི་གྲུབ་དོན་ཞིག་ཚན་རིག་དང་མཐུན་ཙམ་གྱིས། ཆོས་ལུགས་ལ་ཚན་རིག་གི་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་བར་གཞར་ནས་མི་འདོད་དོ།། ཆོས་ལུགས་ནི་གཏན་ཚིགས་རིག་པ་དང་མཚན་ཉིད་རིག་པའི་ཁོངས་སུ་མི་གཏོགས་པས། གང་བཤད་པ་ཐམས་ཅད་བདེན་པ་ཡིན་པའི་ངེས་པ་མེད། རྒྱུ་མཚན། བདེན་པ་ནི་མཚན་ཉིན་རིག་པའི་འཆད་བྱ་དང་འཚོལ་སྙེག་ཅིག་ཡིན་པ་ལས། ཆོས་ལུགས་ཀྱི་ཕུགས་འདུན་དང་ལས་སྐལ་ཞིག་མ་ཡིན་ནོ།། དེའི་ཕྱིར། ཆོས་ལུགས་ལ་ཡང་དག་དང་མ་དག་པའི་རྣམ་གཞག་གང་ཡང་མེད་ཅིང་། དེ་ནི་མིའི་སྤྱི་ཚོགས་ཀྱི་ངོས་ནས་མེད་ཐབས་མེད་པའི་དགོས་ངེས་ཤིག་ཆགས་ཡོད། དེའི་དོན་ཅི་ལགས་ཞེ་ན། ཆོས་ལུགས་ནི་གཏན་ཚིགས་རིག་པས་དཔྱད་བཟོད་པ་ཞིག་གཏན་ནས་མ་ཡིན་མོད། གཏན་ཚིགས་རིག་པས་དཔྱད་མ་བཟོད་པ་ཙམ་གྱིས་འདོར་བར་ག་ལ་རིགས། བདག་གིས<<འཆི་གསོན་གྱི་གདམ་ག>>འི་ནང་དུ་འདི་ལྟར་བརྗོད་མྱོང་སྟེ། “གང་དེ་ཆོས་ལུགས་གང་ལའང་གཏན་ཚིགས་ཀྱི་རིག་པ་ཡོད་མིན་ལ་མ་ལྟོས་པར་དེ་ནི་མིའི་སྤྱི་ཚོགས་ཀྱི་ངོས་ནས་དགོས་ངེས་ཤིག་དང་། མི་སྒེར་ཀྱི་ངོས་ནས་དེ་ལ་རྒྱུས་ལོན་དང་སློབ་སྦྱོང་གནང་དགོས་པ་ཞིག་ལགས”ཅེས་པའོ།། ཤེས་རིག་འཕེལ་བའི་གོ་རིམ་གྱི་ངོས་ནས་གཟིགས་རྟོག་བགྱིས་ཚེ། དེང་གི་ཚན་རིག་ནི་སྔ་མོའི་མཚན་ཉིད་རིག་པ་ལས་འཕེལ་ཞིང་། སྔ་མོའི་མཚན་ཉིད་རིག་པ་དེའང་། གདོད་མའི་ཆོས་ལུགས་ནས་འཕེལ་སྐྱེད་བྱུང་བར་རང་ཅག་ཚོས་གསལ་བོར་མཁྱེན་རྟོགས་ཐུབ་ངེས། འཕེལ་རིམ་འདི་ནི་སྤྱིར་བཏང་གི་འཕེལ་རིམ་ཙམ་མ་ཡིན་པར། མིའི་ནང་སེམས་ཀྱི་བསམ་འདུན་གྱི་འཕེལ་རིམ་ཞིག་དང་མངོན་རྟོགས་ཤིག་ལགས་ཤིང་། འདིས་རིག་གནས་ནི་མིའི་མཁོ་འདུན་ལས་བྱུང་བར་མ་ཟད། མིའི་མཁོ་འདུན་དང་བསྟུན་ནས་འཕེལ་འགྱུར་འགྲོ་བཞིན་པའང་མཚོན་ནོ།། ཆོས་ལུགས་དང་ཆོས་ལུགས་ནས་བཤད་པའི་རྣམ་གཞག་མང་བོ་ཞིག མིའི་རིགས་ཀྱི་དགོས་མཁོ་ཞིག་གི་ཕྱིར་དུ་འཇིག་རྟེན་འདིར་བྱོན་ཞིང་། ནམ་ཞིག་མིའི་རིགས་ལ་དགོས་མཁོ་མེད་དུས་དེ་ཉིད་ཐལ་བ་བཞིན་དུ་དོར་ཡང་ཆོག འོན་ཀྱང་། ཆོས་ལུགས་ནི་ད་དུང་ཤེས་ཡོན་ཅན་ནམ། མཚན་ཉིད་རིག་པ་བ་ཁ་ཅིག་ལ་མ་གཏོགས། མི་དམངས་དཀྱུས་མ་རྣམས་སུ་དགོས་མིན་གྱི་གྲོས་གླེང་བྱ་རྒྱུ་མེད་དོ།།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

ཉི་ཟླའི་འོད་ཁྱིམ།

མགར་བཟའ། ཉི་མ་སྤྲིན་ལ་མ་ཐོགས་ནམ་མཁའི་དབྱིངས་སུ་འཛུམ།། ཟླ་བ་མཚོ་ལ་མ་ཆགས་མུན་པའི་མགྲོན་དུ་བཞུད།། སྐར་མ་ཁྲི་འབུམ་དབུས་ན་འོད་ཀྱི་ལམ་ཞིག་ཡོད།། ལམ་ཆེན་དེ་ཡི་མཐོངས་ལ་དགུ་ཚིགས་སྐྱ་མོ་ཟེར།།   རིག་རྩལ་འཕྲུལ་གྱིས་མ་མཐོང་ལམ་དེ་བླ་རུ་འཕགས།། དམའ་མོ་ས་ཡིས་མ་ཐེག་ལམ་དེ་གཙུག་ཏུ་བཀུར།། ཀུན་གྱིས་འོད་དུ་བོས་པས་སྣང་བའི་མུན་པ་སེལ།། གནམ་གྱི་ཤར་ནུབ་ཀུན་ལ་ཞབས་རྗེས་གསལ་ལེར་བཀོད།།   ཞི་འཇམ་སེམས་ཀྱི་རང་བཞིན་སྙིང་རྗེ་གུར་དུ་ཕུབ།། ཉི་མ་སེར་པོ་ཡིན་ནམ་ཚ་ཟེར་དེ་བས་དབེན།། འཇམ་མཉེན་འོད་ཀྱི་ཞགས་པས་ཤ་རུས་གཅིག་ཏུ་བརྒྱུས།། དཀར་གསལ་ཟླ་བར་འབོད་དམ་གྲང་ལྷགས་ཡོངས་སུ་བྲལ།།   འདི་ཡི་ཁོར་མོ་ཡུག་ན་གཡུ་ཡི་ན་ཐང་ཡོད།། ཤེལ་གྱི་གངས་རི་དཀར་པོའི་དབུ་རྩེ་མཁའ་རུ་བསྙེགས།། མདའ་ཡི་གཙང་ཆབ་སྔོན་མོས་ཡིད་ཀྱི་དང་བ་འདྲེན།། གཙུག་ན་ཉི་ཟླ་ཟུང་གིས་གཞིས་ཁྱིམ་གཅིག་ཏུ་སྦྲེལ།།   སྨག་ཆེན་དཔུང་གིས་བདས་ཀྱང་འཛུམ་ཞལ་འོད་དུ་འཚེར། ། དུས་རླུང་བང་ཁ་རྒོལ་ཡང་བཞུད་ལམ་སྔར་ལས་ཡངས།། རིགས་ཀྱི་འཁོར་ཚོགས་མ་ལུས་རྨུ་ཐག་གཅིག་གིས་བཟུང་།། སྤྱི་ཕན་ལྷག་བསམ་དཀར་པོས་ཀུན་པོ་བྱམས་པས་བསྐྱངས།།   བརྩེ་ཆེན་སྙིང་རྗེ་ཆེན་པོས་ས་ཆེན་དབྱངས་སུ་བཀུག། རྒྱུ་སྐར་ཁྲི་ཁྲི་འབུམ་འབུམ་སྙིམ་པའི་དཀྱིལ་ལ་བླངས།། བདག་གི་ཉི་ཟླའི་འོད་ཁྱིམ་གླིང་བཞིའི་རྒྱན་དུ་ཤར།། གཟུངས་གཞུག་ཉི་ཟླ་ཟུང་གི་འོད་སྟོང་ནུབ་པ་མེད།། ༢༠༡༤  ༨  ༦ཉིན་བྲིས།...
དེ་ལས་མང་པ།