October ༢, ༢༠༡༤

འབོལ་རྩོམ། རྩོམ་ཡིག -0 Minutes

དོན་ངོ་མར་བོད་ལ་ཅི་ཞིག་དགོས་པ་ཨེ་ཤེས།

༈ དོན་ངོ་མར་བོད་ལ་ཅི་ཞིག་དགོས་པ་ཨེ་ཤེས།                                                                                                                                                              སྒོ་ཡོན།   བོད་ཀྱི་གྲས་ནས“ཁྱོད་ལ་ཅི་ཞིག་དགོས”ཞེས་དྲིས་ཚེ། བོད་མི་མང་ཆེ་བས་ཟེར་ན། “ང་ཚོར་ཕྱི་མར་འགྲོ་ཡང་བློ་བདེ་བའི་ཆོས་བསྒྲུབ་ས་ཞིག་དགོས།མི་གྲང་མི་ལྟོགས་བྱེད་ཅིག་དགོས། དེའི་ཁར་ལྷ་སར་འགྲོ་བའི་ལམ་ཆས་ཤིག་དགོས” སོགས་ཀྱི་དྲི་ལན་རྒྱག་གིན་ཡོད། ཁྱོད་ལ་ཅི་ཞིག་དགོས། ཡང་རྒྱ་མི་གང་མང་གིས་ཟེར་ན། “ཤོག་དངུལ་ཅི་ཐོབ་ཅིག་དགོས། རང་གི་བློ་ལ་བབས་པའི་མི་ཞིག་དགོས།དེའི་སྟེང་དུ་ནུབ་གླིང་ཁག་ཏུ་འགྲོ་ཐུབ་པའི་ཐབས་ཤིག་དགོས” སོགས་ཀྱི་དྲི་ལན་འདེབས་ངེས།  དོན་ངོ་མར་འགྲོ་བ་མིའི་རིགས་ལ་ཅི་ཞིག་དགོས་སམ། དོན་ངོ་མར་བོད་མི་ཚོར་ཅི་ཞིག་དགོས་ཤིང་ཅི་ཞིག་འཐོབ་ན་འགྲིག་གམ། འདི་ནི་བོད་མི་བྱིངས་ཀྱིས་འདང་རྒྱག་དགོས་པའི་གནས་ཤིག་རེད་ལ།བོད་ཀྱི་ཤེས་ཡོན་ཅན་དག་གིས་བསམ་བློ་བཏང་དང་གཏོང་བཞིན་པའི་གནད་དོན་ཆེས་འགལ་འགངས་ཅན་ཞིག་ཀྱང་རེད། དེ་བས་ན། ཆོས་སྲིད་ཀྱི་ཁྱད་པར་དང་ཕོ་མོ་ཡི་དབྱེ་བ། གྲྭ་གྲོང་གི་རྣམ་པ།དབུལ་ཕྱུགས་ཀྱི་མཐོ་དམན་སོགས་དབྱེ་ཕྱོགས་དང་བར་ཁྱད་ཀུན་ཀྱི་མཐའ་ལས་བུད་དེ། དོན་དམ་པར་བོད་ལ་ཅི་ཞིག་དགོས་པ་རེད་ཅེས་དྲིས་ཚེ། བོད་མི་ཚོར་དུས་ད་ལྟའི་བར་དུ་ཡོད་མ་མྱོང་ཡང་ངེས་པར་དུ་ཡོད་དགོས་པ་ནི “འགྲོ་བ་མིའི་ཐོབ་ཐང་ངོ” ཞེས་ཤེས་ཡོན་ཅན་གྱི་རིགས་དག་གིས་ནི་ལན་དེ་ཁོ་ན་གདབ་པར་འགྱུར་རོ།།    དེ་ལྟ་ན་ཡང༌། བོད་མི་སྤྱི་དང་བོད་ཀྱི་རོང་འབྲོང་སྤྱིའི་རྣ་ལམ་ལ་ནི་འགྲོ་བ་མིའི་ཐོབ་ཐང་ཞེས་པ་ཚེ་ལུས་གཅིག་ལ་ཐོས་མ་མྱོང་བའི་མིང་བརྡ་གསར་བ་ཞིག་ཡིན་ལ། ཁོ་ཚོར་ཡར་མར་གཉིས་དང་འདུ་ཕྱི་གཉིས་ཀྱི་ལམ་སྟོན་གནང་བའི་མཁན་པོ་མཁས་པ་དང་སྤྲུལ་སྐུ་མཁྱེན་པ་ཅན་དག་གིས་ཀྱང་འདི་ཁོ་ན་ནི་ཤེས་མེད་ཅིང་མཁྱེན་མེད་པའི་གནད་དོན་གསར་བ་ཞིག་ཡིན་གི་ཡོད་པ་རེད། དེ་ཡང་མི་ཚུལ་གྱི་བསམ་བློའི་མངའ་ཐང་ཡངས་ཤིང་རྒྱུ་འབྲས་ཀྱི་ལས་དོན་ཕྱོགས་སུ་རྒྱས་པའི་ནུབ་གླིང་བ་དག་ལ་མཚོན་ན་ནི། གནའ་སྔ་མོ་ནས་སད་ཅིང་ཐོབ་ཏེ་ཡོད་པ་ཞིག་མ་ཡིན་ནའང༌། མི་རབས་རེ་རེའི་སད་རྟོག་གསོག་འཇོག་གི་ལམ་ནས་དུས་ད་ལྟ་འགྲོ་མིའི་ཐོབ་ཐང་ནི་ཆེས་རྨང་གཞིར་བཞག་པའི་རྒྱུན་ཤེས་ཀྱི་གོ་བ་ཞིག་ཡིན་ལ། དུས་ཀྱི་ངོས་དང་ཐོབ་ཀྱི་གདན་བཅས་ལ་མ་ལྟོས་པར་མི་ཞིག་གི་མ་མཐའི་མཚན་ཉིད་དམ་རྨང་གཞིའི་ཁེ་དབང་དུ་བགྲང་གིན་འདུག   དེ་ཡང་ཡིན་ཏེ། འགྲོ་མིའི་ཐོབ་ཐང་མེད་པ་གང་དེ་ལ་འགྲོ་མིའི་བདེ་སྐྱིད་ཡག་པོ་ཞིག་རྩ་བ་ནས་ཐོབ་སར་མི་འགྲོ་ལ། འགྲོ་མིའི་ཐོབ་ཐང་མི་ལྡན་པའི་ཁོར་ཡུག་ཏུ་དོན་ལ་གནས་པའི་བདེན་པ་ཚུགས་ཐུབ་ཅིག་ཁྱོན་ནས་བརྩི་སྲུང་བྱེད་སར་མི་འགྲོ་བ་རེད།...
དེ་ལས་མང་པ།
གཞས་ཚིག -0 Minutes

ང་ཚོའི་རྨི་ལམ།

འོད་དཀར།  མི་ཡུལ་ལུང་པར་དམ་བཅའ་གཙིགས་སུ་བཟུང༌།། གཅེས་པའི་སྲོག་ཀྱང་རྒྱལ་ཁབ་ཆེད་དུ་འབུལ།། ལ་ལུང་བརྒལ་ཡང་ངལ་བ་དང་དུ་བླངས།། དགྲ་བོར་ཐུག་ཀྱང་སྙིང་སྟོབས་ཞུམ་པ་མེད།། ཁྲག་དང་མིག་ཆུ་འཐོར་བྱུང་།     གོམ་པ་གཅིག་དྲིལ་གཉིས་དྲིལ་།   རང་ཡུལ་ལ། ལུང་པ་སྐྱོབས་འགྲོ   ཉིན་མཚན་ལྟོས་མེད་འཐབ་རྩོད་ཆེད་དུ་ཕུལ།། ཉལ་བའི་རྨི་ལམ་ས་དང་ལུང་པ་བརྒལ།། མིག་ཆུ་སྔོན་མོའི་རང་ལུས་བརློན་པ་བཟོས།། ང་ཚོའི་འཐབ་རྩོད་འདི་ལྟར་འགྲུབ་ལ་རེ།། ཁྲག་དང་མིག་ཆུ་འཐོར་བྱུང་     གོམ་པ་གཅིག་དྲིལ་གཉིས་དྲིལ་   རང་ཡུལ་ལ་ ལུང་པ་སྐྱོབས་འགྲོ   ཁྱོད་དང་ང་ཞེས་ཤ་ཞེན་ཕྱོགས་མཐར་གཡུག། གདོང་དམར་བཙན་པོའི་ལ་རྒྱ་སེམས་སུ་བཅངས།། གངས་ཅན་བོད་ཀྱི་འཐབ་རྩོད་འདི་ལྟར་སྒྲུབ།། ཡར་ལ་ལོངས་དང་རང་དབང་ལེན་པར་འགྲོ། ཁྲག་དང་མིག་ཆུ་འཐོར་བྱུང་     གོམ་པ་གཅིག་དྲིལ་གཉིས་དྲིལ་   རང་ཡུལ་ལ་ ལུང་པ་སྐྱོབས་འགྲོ                                                        ༢༠༠༨། ༨། ༢༩། གསར་རྩོམ་གཞས་ཚིག་དག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད་པས་ཆོག་མཆན་མ་ཞུས་པར་གང་བྱུང་དུ་རྐུ་ཁྱེར་དང་བརྒྱུད་འགོད་བྱ་མི་ཆོག...
དེ་ལས་མང་པ།
སྣ་ཚོགས། -0 Minutes

ཁ་མ་གཏོགས་ཡོད་པ་མ་རེད།

གནད་འགག་དྲི་བ།      ལག་པ་ཡ་གཅིག་མེད་པའི་མི་ཞིག་གིས་རང་ཉིད་ལ་ལག་པ་ཡ་གཅིག་ལས་མེད་པར་བརྟེན་སེམས་སྡུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཉིན་གཅིག་ཡང་ཁོ་རང་སེམས་པ་སྐྱོ་དང་མ་སྐྱོ་སྐྱོ་ནས་རང་དབང་མེད་པར་ཁ་ནས། “ད་ཡིན་ན་མིའི་ལུས་ཤིག་ཐོབ་ཡོད་ཀྱང་ལག་པ་ཡ་གཅིག་ལས་མེད་ཙང་མི་གཞན་ཚོས་མཐོང་ཆུང་བྱེད་པ་མ་ཟད། ཁ་ཡའང་དེ་ཙམ་བྱེད་མཁན་མི་འདུག བྱས་ཙང་ད་ནི་གསོན་པ་ལས་ཤི་ན་ཡག” ཅེས་ཆིག་ལབ་རྒྱག་བཞིན་དུ་ཐོག་བརྩེགས་དགུ་ཐོག་གི་སྟེང་ནས་མཆོངས་སྟེ་རང་ཤི་རྒྱག་པར་ཕྱིན། ཁོ་རང་དགུ་ཐོག་གི་རྕེར་སླེབས་པ་དང་མར་མཆོང་གྲབས་བྱེད་སྐབས་གློ་བུར་དུ། འོག་གི་ཐང་སྟེང་དེར་མི་ལག་པ་གཉིས་ཀ་མེད་པ་ཞིག་ཞབས་བྲོ་འཁྲབ་ཀྱིན་ཡོད་པ་ལྟ་བུ་ཞིག་མཐོང་། དེ་མཐོང་བ་དང་ཁོ་པ་ཡ་མཚན་ཆེན་པོ་སྐྱེས་ཏེ། ལག་པ་གཉིས་ཀ་མེད་པའི་མི་ཞིག་མ་འདྲའི་སྣང་བ་སྐྱིད་པོའི་ཞབས་བྲོ་འཁྲབ་དགོས་དོན་གང་ཡིན་ནམ་ཏན་ཏན་ཁོ་ལ་གནད་འགག་ཅིག་ཡོད་པ་འདྲ། གལ་སྲིད་ཁོའི་གནད་འགག་དེ་ངས་ཧ་གོ་བ་ཡིན་ན་ང་ལ་ལག་པ་ཡ་གཅིག་ཡོད་པས་བྱས་ཙང་ང་ནི་ཁོ་ལས་ཀྱང་སྣང་བ་སྐྱིད་པ་ཞིག་ཡོང་རྒྱུ་རེད་བསམས་ནས། “ཁོང་ཁྱེད་རང་ལ་ལག་པ་གཉིས་ཀ་མེད་ཀྱང་དེ་འདྲའི་ཞབས་གཞས་འཁྲབ་བཞིན་སྣང་བ་སྐྱིད་མདོག་ཁ་པོ་བྱེད་དགོས་དོན་གང་ཡིན་ནམ། ཁྱེད་རང་ལ་ཏན་ཏན་གནང་འགག་ཅིག་གསུང་རྒྱུ་ཡོད་པ་འདྲ་འདུག་པས། ཐུགས་རྗེས་གཟིགས། དེ་ང་ལའང་གསུངས་རོགས་གནང་དང་།” ལབ་པས་མི་དེས། “འོ་ཛི་ཁོང་། ག་རེ་ཞབས་གཞས། ག་རེ་སྣང་བ་སྐྱིད་མདོག་ཁ་པོ། ག་རེ་གནད་འགག ང་རང་ད་ལྟ་རྐུབ་ཀྱི་ཨི་ཁུང་ལ་ཟ་འཕྲུག་བརྒྱབ་ནས་ལག་པ་གཉིས་ཀ་མེད་ཙང་བྲད་བྲད་གཏོང་ཐབས་བྲལ་བས་ཕག་ཚགས་ཤོར་བྱུང་” ལབ་པས། ཁོ་པ་ཁ་གནམ་ལ་གདངས་ཏེ་ལུས་སོ། ཁ་མ་གཏོགས་ཡོད་པ་མ་རེད། ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ། ཕྲུ་གུ་ཆུང་ཆུང་ཞིག་གིས་ཐ་མག་འཐེན་བཞིན་བསྡད་ཡོད་པ་ཁོ་པའི་ཕས་གཟིགས་ཏེ་ཕྲུ་གུ་དེའི་ཨ་མཆོག་ནས་བཟུང་སྟེ། ཁྱེད་རང་ལ་ཐ་མག་འཐེན་སྟངས་སུས་བསླབས་བྱུང་ངམ། ག་འདྲ་བྱས་ནས་ཤེས་བྱུང༌། ཞེས་ཚ་འདྲི་བྱས་པར་ཕྲུ་གུ་དེས། པཱ་ལགས་ང་ལ་ཐ་མག་འཐེན་སྟངས་བསྟན་འཛིན་གྱིས་བསླབས་བྱུང༌། ཐ་མག་འཐེན་ན་ཞིམ་པོ་དང་སྣང་བ་སྐྱིད་པོ་ཡོད་རེད་ལབ་བྱུང༌།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

སེམས་ཁམས་འཁྱགས་པ། (བོད)

               ཀྱེ་ཕུར་མཆོག་གསུམ།༼མཚོ་ལྷོ༽ ཉི་འོད་འཁྱགས་པ་གདོང་ལ་ཤག་ཤག་བབས།། གདོང་གི་རུས་པ་གས་པའི་ཧྲིག་སྒྲ་གྲགས།། བློ་དང་མཆིན་པའི་བར་གྱི་གསང་བ་དེ།། རྦབ་རྡོའི་དབལ་གྱིས་ཁ་ལ་གྱེན་དུ་འདྲིལ།།   མྱི་ཁའི་མདའ་མོ་སྙན་ལ་ཤུར་ཤུར་བཞུར།། ཡིད་ཀྱི་དོན་སྣོད་གཤགས་པའི་རྨ་ཁ་ཟབ།། དྲན་པའི་དགུ་ལ་སྦས་པའི་འཁུན་སྒྲ་དེ།། དབང་བོ་རྣམ་ལྔའི་གསེབ་ནས་དར་དུ་ཆགས།།   ཟེར་སྒྲོས་གྲང་རླུང་ལུས་ལ་ཤུར་ཤུར་གཡུག། བསམ་གཞིག་མདའ་ཡི་ལྟོང་ལས་ཐོལ་གྱིས་ཤོར།། སྙིང་གི་འཇོལ་མོ་རྨས་པའི་འཁུན་སྒྲའི་རླབས།། ཞེ་འཁོན་རྣ་ཡི་བུ་གར་དངན་པས་འཚང་།།   གཏམ་ངན་ཚིག་གི་ཁ་བ་ལྷབ་ལྷུབ་འབབ།། དོན་སྣོད་བུམ་པ་གས་པའི་གྱོང་གུད་ལྕི།། གློ་དང་མཆིན་པའི་བར་གྱི་རུས་སྒྲོམ་ལ།། གཏན་ནས་བརྗེད་ཐབས་མེད་པའི་ཚ་ཞིག་འཁོར།།   ཆུ་མོ་ཤང་ཤང་འབབ་པའི་གོམ་སྟབས་ཀྱིས།། ལས་དབང་ཉ་མོའི་རུས་སྒྲོམ་ཧྲིག་ཧྲིག་ཆག། སྐལ་བའི་ཆབ་རོམ་མཐུག་པོའི་རྔམ་ཁ་ཡིས།། མདུན་ལྗོངས་གོམ་ཁའི་སྣང་བ་ཐོལ་གྱིས་བཀག།   ཟེར་སྒྲོས་རླུང་གིས་ཁུར་བའི་ཚིག་གི་མདའ།།...
དེ་ལས་མང་པ།