October ༢༤, ༢༠༡༤

རྩོམ་ཡིག སྙན་ངག -0 Minutes

གངས་རི་དེ་མེད་ན། ང་ལ་རྩ་ཐང་མི་དགོས།

   —འདས་པོ་དྲིན་ཅན་སྙན་ངག་པ་ཡི་དམ་ཚེ་རིང་སྐུ་གཤེགས་ནས་བགྲང་བྱ་བཅུ་ལ་འབོད་པ། ཙོང་ཁ་ཚེ་བརྟན་རྒྱལ། ཕ་རོལ་དང་ཚུར་རོལ་གྱི་སེར་ཀ་བསམ་ན གངས་རི་དེ་རི་མོ་རུ་འཁྲུལ ངའི་རྒོད་པོ།  ངའི་རྒོད་པོ། མིག་ཆུ་མིད་པའི་ལས་སྐལ་ཁུར་ནས བྲག་ཆ་ཞིག་ལ་ཉུལ མིག་ཟུང་ལ་འགོས་པའི་ནམ་མཁའ འདར་སིག་བྱེད་བཞིན   ངག་སྒྲུང་ཞིག་ཏུ སྤྱང་ཚོགས་ཤར་འོང སོ་སྒྲ།  ངུ་ཟུག སྡེར་འབྲད།  རེ་རེ་བགྲང་ན མིག་ཆུ་དང་མིག་ཆུ་བར་ལ་འབྱར་འོང ཨོ  སྤྱན་རིས་གཟིགས། ཨོ།  རྫེ་བཙུན་སྒྲོལ་མ ད་ནི་སྙིང་རྗེ་ཁྱེར་ཤོག་དང ངུ་སྐད་ཀྱིས་བཏུམ་པའི་རྣམ་ཤེས་ཚོགས དོན་མེད་དུ་བར་དོ་ལ་མ་སྤྱུགས   ང་ལ་ཉི་མ་དགོས རྒོད་པོ་ཕྱིར་རུ་འཕུར་འོང་ན ང་ལ་ཟླ་བ་དགོས རྣམ་ཤེས་ཚོགས་མི་ལུས་སུ་ཞུགས་ན ཚེར་མ་ལྟར་སེམས་ལ་ཟུག་པའི་སྙན་ངག སུ་ལའང་མི་སློང 2014,10,23—24...
དེ་ལས་མང་པ།
གསར་འགྱུར། -0 Minutes

སྒོ་ཤེར་གྱི་དཔེ་དེབ་གསར་བ་གཉིས་ཐོན་འདུག

བརྒྱུད་སྤྲོད་པ་རྨེ་སྲིབ་ནོར་བུ། ཉིན་ཁས་ཀྱི་རྗེས་སུ། ཕྲན་གྱིས་ལོ་ངོ་འགའི་རིང་ལ་འབད་པས་བྲིས་པའི་དཔེ་དེབ << དཔྱད་འཚོལ་དང་ལྟ་ཚུལ >> ཞེས་པ་དང་། རྗེ་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་མདུན་ལེགས་མའི་སློབ་ཁྲིད་སྒྲ་བཤུས << སྐྱེས་ཆེན་གྱི་བཞུད་ལམ >> ཞེས་པ་གཉིས་ཚོང་རར་དངོས་སུ་དགྲམ་རྒྱུ་ཡིན་པས། དེབ་ཆུང་དེ་གཉིས་ཀློག་འདོད་ཀྱི་མོས་པ་ཡོད་པ་དག་གིས་ནི། ལྷ་ས་དང་། ཟི་ལིང་། སྐྱེ་རྒུ། རེབ་གོང་། ཁྲི་འདུ། བླ་བྲང་། རྔ་པ་སོགས་ས་གནས་སོ་སོའི་བོད་ཡིག་དཔེ་ཚོང་ཁང་དུ་ཉོ་ཐུབ། << དཔྱད་འཚོལ་དང་ལྟ་ཚུལ། >>  དཀར་ཆག << དབུ་མ་ལ་འཇུག་པ >> བསྐྱར་དུ་བཀླགས་པ། ༌༌༌༌༌དཔལ་ནཱལེནྡྲའི་རིག་གནས་སྙིང་སྟོབས་ཀྱི་ལྷན་ཐབས་གཉིས་པ། གླེང་སློང་བ།༌༌༌༌༌༌༌༌༌ བཤད་བྱ་དངོས།༌༌༌༌༌༌༌ གཅིག གང་ལ་འཇུག་སའི་དབུ་མ།༌༌༌༌༌ གཉིས། མཆོད་བརྗོད་ཀྱི་སྤས་དོན།༌༌༌༌༌ གསུམ། ཕར་ཕྱིན་དང་པོ་ལྔ་ལས་བསམ་གཏན་གླེང་བ།༌༌༌༌ བཞི། སྟོང་ཉིད་གང་བྱུང་དུ་སྟོན་མི་རིགས་པའི་དགོངས་པ།༌༌༌༌༌༌ ལྔ། ཐལ་རང་གི་ལྟ་བའི་ཁྱད་པར། ༌༌༌༌༌༌༌ དྲུག སྐྱེ་བ་མེད་པ་མཉམ་པ་ཉིད།༌༌༌༌༌༌ བདུན། ཐལ་བཟློག་གི་རྒྱབ་ཀྱི་དོན།༌༌༌༌༌༌༌ བརྒྱད། ཐེག་ཆེན་གྱི་བླ་སྲོག་བདེན་པ་གཉིས།༌༌༌༌༌ དགུ བདེན་གཉིས་ཀྱི་དོགས་དཔྱོད།༌༌༌༌༌༌༌  བཅུ། ཀུན་གཞི་མེད་ཀྱང་ལས་འབྲས་འཐད་པ།༌༌༌༌༌༌ བཅུ་གཅིག དྲང་ངེས་དང་ཐེག་ཆེན་གྱི་སྲོལ་རྒྱུན།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ མཇུག་བྱང་།༌༌༌༌༌༌༌༌༌༌༌༌༌༌༌༌ སྨག་རུམ་ཁྲོད་ཀྱི་བརྗེད་བྱང་། << གྲོས་ཆོད་ཡི་གེ >> དང་ངའི་རྩོམ་གསུམ། གཅིག ཁ་ཞིག་མི་གྲག་ཀ་མེད་བྱུང་། ༌༌༌༌༌༌༌༌༌༌༌ གཉིས། དབང་མེད་ཐབས་མེད་དུ་ཕུལ་བའི་གྱེས་ཕྱག༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ གསུམ། གསལ་བཤད་ཐུང་ངུ་།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ མཇུག་མཐའི་སྐུ་པར།༌༌༌༌༌༌༌༌༌༌༌༌༌༌༌༌ མི་ཚེ། ༌༌༌༌༌༌༌༌༌༌༌༌༌༌ སེམས་གཏམ་ཐུང་ངུ་ཞིག༌༌༌༌༌༌༌༌༌༌༌༌ ཞལ་ཆེམས་གལ་བོ་ཆེ།༌༌༌༌༌ མཁས་ཆེན་འཇིགས་མེད་ཕུན་ཚོགས་རྗེས་དྲན་དང་འབྲེལ་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་གླེང་བ། གཅིག རང་སྟེང་ནས་མགོ་བརྩམས་པ། ༌༌༌༌༌༌༌༌༌༌༌ གཉིས། ཁོང་ལ་སྤྲུལ་སྐུ་མ་བཙལ་བའི་ཕན་འབྲས།༌༌༌༌༌༌༌༌༌༌༌༌ གསུམ། སྤྲུལ་སྐུའི་ལམ་ལུགས་ཀྱི་ངོ་བོ།༌༌༌༌༌༌ བཞི། ལམ་ལུགས་དེ་མེད་ཀྱང་ཆོས་ཀྱི་སྐྱེས་ཆེན་འཁྲུང་ཐུབ། འདི་ལ་ཉན་མཁན་མེད་ཀྱང་བཤད་པར་འདོད། འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ།༌༌༌༌༌༌༌...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

སེམས་འདུན། (བོད)

གཉའ་གོང་ལྷ་བྷེ། ༼ཞར་བཀོད་གཉིས།༽  བྱ་ཆེན་གྱི་གཤོག་པ་བརྐྱངས་འདྲའི་ནམ་མཁའ་དང བཟོད་སྒོམ་གྱི་ཨམ་གཙིགས་བསྡམས་འདྲའི་ས་གཞིའི་བར་ནི དོན་ངོ་མས   ངའི་ཁྲ་ཆུང་གི་མིག་ཆུ་ལྷུང་ས ངའི་ཉམ་ཆུང་གི་བདེན་དོན་འབུས་ས ངའི་ཚེ་སྲོག་གི་བཞུད་ལམ་རིང་མོ ང   སྔོ་ལྗང་གི་རྩྭ་ཉག་གཅིག་ལྟར རླུང་ཁ་ན  རང་ཚུགས་མི་ཐུབ་པའི་ངང ས་ཆེན་པོར་དུངས་སེམས་བཅིངས་ཤིང གནམ་སྔོན་པོར་རེ་བཞག་བཅོལ   ཉི་འོད་དང་སྦྲང་ཆར་ནམ་མཁའ་ནས་བྱོན་ལ དྲག་ཆར་དང་གནམ་ལྕགས་ཀྱང་ནམ་མཁའ་ནས་ལྷུང ངའི་སྙིང་ཉེ་བའི་ལུག་ཁྱུ་དང་མེ་ཏོག་གི་ཚལ་ལ དེ་བས  ང་ནམ་མཁའི་བང་རིམ་རེ་རེར་སྡང་སེམས་ལངས་ཤིང དགུང་གི་ཐེམ་པ་རེ་རེར་ཡིད་སྨོན་ཡང་སྐྱེས   གང་ལྟར  ཆོས་ཉིད་ཁ་ཤས་ཀྱི་ངོ་གདོང་རྡོག་པས་གནོན་བཞིན གནམ་ས་གཉིས་ཀྱི་བར་མཚམས་ནས ངས  སྔ་ན་མེད་པའི་སེམས་འདུན་ཞིག་རླུང་རྟ་བཞིན་སྤུར་འདོད རང་གི་ངོས་ཟིན། རྒྱང་ཐག་རིང་བའི་རླབས་ཆེན་གྱི་ཐ་སྙད་དེ་ཚོར་རེག་ཐབས་བྲལ སྟོང་བསམ་གྱིས་བཀླུབས་པའི་མཛེས་སྡུག་གི་རྨི་ལམ་དེ་ཚོ་རོལ་ཐབས་དབེན   སེམས་འགྱུ་སྣ་ཚོགས་ཀྱི་རླབས་རྩེར་འགོས་ནས...
དེ་ལས་མང་པ།